| e-texts navigator |
| Wylie |
229b1 རྒྱས་བཅོམ་ལྡན་འདས་རྣམས་མཉེས་པ་བྱེད། སྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཕུན་སུམ་ཚོགས་པ་མཐོང་ཞིང་གསུང་སྙན་པ་ཟོས་ཏེ།
229b2 འཁོར་ཕུན་སུམ་ཚོགས་པ་ཡང་མཐོང་ཞིང་ཆགས་པ་མྱེད་པའི་མཁྱེན་པ་ཡང་ཟོས་ལ། རྫུ་འཕྲུལ་གི་ཆོ་འཕྲུལ་འམ། ཀུན་བརྗོད་པའི་ཆོ་འཕྲུལ་འམ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གིས་སེམས་ཅན་འདུལ་མཛད་པ་ཡང
229b3 མཐོང་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བརྩོན་འགྲུས་བ་རྩམས་པ་ཡིན་ཏེ། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་འཚོན་ཞིང་། ཐམས
229b4 ཅད་མཁྱེན་པའི་སེམས་བརྗེད་པ་མྱེད་པས་སེམས་ཡོངས་སུ་དག་པ་རྣམ་འབྱོར་དུ་བྱེད་དོ།། དེ་སེམས་ཡོངས་སུ་དག་པས་ཏིང་ངེ་འཛིན་ཡོངས་སུ་དག་པ་རབ་ཏུ་འཐོབ་བོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ
229b5 དཔེར་ན། རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་ནོར་མཁན་མཁས། བའི་ལག་ཏུ་སོན་པ་ཇི་ཙམ་ན་ཡོངས་སུ་དག་པ་དང་། ཤིན་ཏུ་དཀར་བ་དང་། མཐིང་བུ་དང་བྲལ་བ་དང་། སྐྱོན་མྱེད་པར་གྱུ་ར་པ་དེ་སྲིད
229b6 ཅུ་ཡོངས་སུ་སྦྱངས་ན་སྐྱེས་བུ་མཁས་པའི་ནོར་བུ་རིན་པོ་ཆེ་ལ་མཁས་པ་རྣམས་འདུ་བར་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རིགས་འཕགས་པས་ཐམས་ཅད་མཁྱེནད་པར་སེམས་བསྐྱེ།
229b7 པ། རིམ་པ་ཆེ་བསྐྱེད་ནས་ཐན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར་ཏེ། ཇི་ཙམ་ན་མཐིང་བུ་དང་བྲལ་ཞིང་རློམ་སེམས་ཀྱི་མཐིང་བུ་དང་བྲལ་བར་འགྱུར་བ་དེ་སྲིད་ཅུ་བྷྱ
229b8 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགེ་བའི་ལྟ་བ་ཡོངས་སུ་སྦྱང་བ་བྱ་བ་དང་། ཐོས་པ་ལ་མཁས་པ་ཡོངས་སུ་སྦྱང་བ་བྱ་བས་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་ཡོངས་སུ་སྦྱངས་ན།། ཕྱོགས་བཅུའི
229b9 སངས་རྒྱས་བཅོམ་ལྡན་འདས་རྣམས་འདུ་ཞིང་། ཤིན་ཏུ་དཀར་བ་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་ཡང་འཐོབ་བོ།། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རིགས་འཕགས་པའི་ནོར་བུ་རིན་པོ་ཆེ་དེ་ནི་རིན་པོ་ཆེའི