e-texts navigator
Collection
Volume
Page
Wylie

229a1 ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བདག་གིས་ཟོས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
229a2 རྣམས་ཀྱིས་ཤིན་ཏུ་དཀར་བ་དྲི་མ་མྱེད་པའི་ཕྱག་རྒྱའི་ཏིང་ངེ་འཛིནད་ཇི་ལྟར་འཐོབ་པ་དང་། ཅིའི་སླད་དུ་ཤིན་ཏུ་དཀར་བ་དྲི་མ་མྱེད་པ་ཞེས་བགྱི་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ་ད།
229a3 ཏིང་ངེ་འཛིན་དེ་ལ་འཇུག་པའི་སྒོར་འཇུག་པ་གང་ཟོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་འདི་འཐོབ་ཅིང་མྱུར་ཏུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
229a4 འཚང་རྒྱ་བར་འགྱུར་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བཤད་དུ་གསོལ།། དེ་སྐད་ཅེས་གསོལ་པ་དང་།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས
229a5 རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་མཿལང་ངོ་།། སྐྱེས་བུ་དམ་པ་ལེ། གས་སོ་ལེགས་སོ།། ཀྱེ་མ་འདྲི་བ་འདི་བཟང་ཞིང་དཔྱོད་པ་འདི། ཚུལ་བཞིན་ཡིན་ཏེ། དེའི་ཕྱིར་རིགས་ཀྱི་བུ་ལེགས་པར་རབ་ཏུ
229a6 ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དང་འ་ཆེན་པོ་རྣམས་ཀྱིས་ཤིན་ཏུ་དཀའ་བའི་དྲི་མ་མྱེད་པའི་ཕྱག་རྒྱས་ཏེ་ང་ངེ་འཛིན་འདི་ཇི་ལྟར་འཐོབ་པ་དང་མྱུར་དུ་བླ་ན་མྱེད་པ་ཡང་དག
229a7 པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རས་བཤད་པར་བྱའོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་བ
229a8 ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་ས་ཡད་ཏོ།། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་ཚ་བས་བརྟན་པ་ཡིན་ཏེ། དགེ་བའི་བསམ
229a9 བ་དང་ལྡན་པ་ངེས་པའི་ཕུང་པོ་ལ་རབ་ཏུ་གནས་པ་ཚོགས་བསགས་པ། དབང་པོ་རྣོ་བ་དགེ་བའི་བཤེས་གཉེན་ཀྱིས་ཡོངས་སུ་ཟིན་པ། སངས་རྒྱས་ཀྱིས་བྱིན་ཀྱིས་རླབས་པ། རྒྱུའི་སྟོབས་ཅན་ཡིན་ཏེ། དེ་ནི་སངས




iiif viewer powered by OpenSeadragon

228b - 229b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo