| e-texts navigator |
| Wylie |
228b1 ཀྱི་རྡུལ་དང་ཕྱི་རྣམས་ཀྱིས་ནི་སེམས་ཀྱི་བསམ་པ་བཀྲིར་ནུས་སྲིད།། ཐུབ་པའི་གསུང་དབྱངས་ཚད་མྱེད་ནམ་མཁའ་འདྲ་འདི་བགྲང་བར་ནུས་མ་ལགས། ནམ་མཁའི་མཐའ་དང་མཚམས་ཀྱི་མཐའ་མ་བགྲང་བར་མྱི་ནུས་ཏེ།
228b2 འཁོར་བའི་སྔོན་གི་མཐའ་མ་ཉིད་ནི་རྣམ་པ་ཀུན་ཏུ་བགྲར་མྱི་ནུས།། ནམ་མཁའི་མཐའ་དང་འཁོར་བའི་མཐའ་ནི་མྱི་ཡིས་བགྲང་བར་ནུས་ཀྱང་སྲིད། སངས་རྒྱས་མཁྱེན་དང་ཏིང་འཛིན་ཚུལ་ཁྲིམས་ཡུལ་ནི་གང་དུ་ཡང་ཤེས
228b3 མྱི་ནུས།། གཞལ་ཡས་བསྐུལ་པར་གང་གིས་བསྔགས་པ་བརྗོད་པར་བསླ་བ་མ་ལགས་པ། ཁྱུ་མཆོག་དཔག་ཡས་ཆོས་ཀྱི་དབང་ཕྱུག་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ།། སྐྱེ་བོ་གང་དག་ཤེས་དང་མོས་པ་སངས་རྒྱས
228b4 ཆེ་བ་རྗེས་སུ་རྟོགས་པ།། དེ་དག་གིས་ནི་བློ་གྲོས་བསམ་ཡས་རྨད་བྱུང་ཀུན་ལྷག་འདྲེན་པ་མཐོང་།། དེ་ནས་བྱང་ཆུབ་སེམས་དཔའ་སེམ་ས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས་ཚིགས་སུ་བཅད་པ་འདི་དག་སྤྲས
228b5 ནས། བར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ། ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ཡུར་བསྟན
228b6 པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།།
228b7 དེ་སྐད་ཅེས་གསོལྡ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སཅལ་ཏོ།། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
228b8 རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་།། དྲིས་པ་དེ་དང་དེ་ངས་ལུང་བསྟནད་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སཿལད་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོ།
228b9 རྒྱ་མཚོས། འདི་སྐད་ཅེས་གསོལང་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་དཀའ་བ་དྲི་མ་མྱེད་པའི་ཕྱག་རྒྱ་ཞེས་བགྱི་བ་མཆིས་ཏེ། ཏིང་ངེ་འཛིན་དེ་ལ་རབ་ཏུ་གནས