| e-texts navigator |
| Wylie |
228a1 སྒྱུ་མ་སྨིག་རྒྱུ་འདྲ། རྟོགས་ནས་ཀྱི་ཁྱིམ་སྲོག་མ་ཡིན་ཞིང་ཤེར་བུ་ལྡན་པ་མ་ཡིན་མཐོང་། བྱང་ཆུབ་དང་ནི་སེམས་ཅན་ཚོགས་ཀྱི་དམྱིགས་ཀྱང་བྱང་ཆུབ་གཞན་དོན་འཚོན།། ཆུས་འདིར་གང་ཞིག་སྐྲག།
228a2 པ་མྱེད་པ་དེ་ནི་བརྩོན་འགྲུས་མཐའ་མར་ཕྱིན། གང་གི་སེམས་ནི་ཡུལ་ལ་ཆགས་པ་མྱེད་ཅིང་ཐེ་ཙོམ་ཡོད་མྱིན་ལ། སེམས་ཅན་གཞན་གི་སེམས་ཀྱི་སྤྱོད་པ་དུས་གསུམ་གྱུ་རད་པའང་ཤེས་པ་དང་། གང་སེམས་སྤྱོད་པར
228a3 མྱུགྱུར་པ་གང་ཡིན་བཏུད་ཀྱིས་མྱི་ཞེས་པ།། ཕ་རོལ་ཏུ་ཕྱིན་ཐོབ་བསམ་གཏན་དང་ནི་མངོན་པར་ཤེས་ལ་བློ་གྲོས་གནས།། གང་ཞིག་སངས་རྒྱས་རྣམས་ཀྱི་གསུང་ཀུན་ཉན་ཅིང་དེ་བཞིན་འཛིན་བྱེད་པ། བསྐལ་པ་དཔག་ཏུ་མྱེ
228a4 པར་སྨྲས་ཀྱང་སྤོབས་པ་རྒྱུན་འཆད་མྱི་འགྱུར་ཏེ།། སངས་རྒྱས་ཆོས་རྟོགས་སེམས་ཅན་མྱི་ལྟུང་དེ་ནི་གང་དུ་འང་གནས་མྱེད་ལ།། བཅོ་མ་ལྡན་ཐུབ་ཉིད་མཁྱེན་གཏེར་ཤེས་རབ་ལྡན་ཞིང་འཇིག་རྟེན་གསུམ
228a5 ན་དཔལ།། གང་ཞིག་ཕ་རོལ་ཕྱིན་པའི་ཕ་རོལ་གཤེགས་ཀྱང་།། གཤེགས་མྱིན་མ་ཤེགས་མྱིན།། གང་ཞིག་སེམས་ཅན་སྤྱོད་པའི་མ།། ཐར་ཕྱི་ནད་མྱི་གནས་གཡོ་བ་མྱི་མངའ་ཞིང་།། ཡོན་ཏན་ཀུན་མཐར
228a6 གང་ཕྱིན་ཡོན་ཏན་རྣམས་ལ་རློམ་སེམས་ཀྱི་མངའ་བ།། ཐུབ་པོའི་དབང་པོ་ཤག་ཀྱི་སངས་རྒྱས་ཁྱུ་མཆོག་དེ་ལ་མགོ་བོས་འཇུག། འོད་གཟེར་རྣམ་དག་ཉི་མས་སྲིན་བུ་མྱེ་ཁྱེར་འོད་རྣམས་ཟིལ་གྱིས་མནན།།
228a7 མེ་ལྕེ་ཆེ་མཐོན་བསྐལ་མཐའི་མེའི་ས་ས་ལ་ཇི་སྙེད་ཡོད་པ་སྲེག། རི་མཆོག་རི་རབ་ཀྱིས་ནི་ས་ལ་ཡོད་པའི་རི་ཀུན་ཟིལ་ཀྱིས་མནན། ཤག་ཀྱ་ཁྱུ་མཆོག་སུ་འདིས་འཇིག་རྟེན་གསུམ་གི་འོད་གཞན་ཟིལ་ཏུ་བརླག་ཞིང་བརྒྱ་དག
228a8 ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་ཇི་སྙེད་པ།། དེ་དག་གཙོ་བོ་ཁྱོད་ཀྱི་མཆོག་དང་གཟི་བརྗིད་ཀྱིས་ནི་ཚིམ་པར་གྱུར་ད།། དེ་དག་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་ཀུན་གྱིས་མཐུན་པར་མཐོང་།། བདག
228a9 ཅག་གང་ནས་མ་འོངས་རང་གི་ཞིང་ཉིད་ན་ནི་འདུག་པར་ཤེས།། ཇི་ལྟར་གང་གིས་གང་རིག་དེ་ལྟར་ཁྱོད་ཀྱི་གསུང་ནི་ཤིནང་ཏུ་འཇུག། སྲིད་པ་གསུམ་ན་སྐད་ནམས་ཇི་སྙེད་ཅི་མཆིས་དེ་དང་མཐུམ་པར་འཇུག།། རྡུལ