e-texts navigator
Collection
Volume
Page
Wylie

227b1 དེན་འདྲེན་པ་བརྟན་པ་རྒྱ་མཚོའི་བློ་ཐུགས་མཚུངས་པ་མྱེད་བཞུགས་ཏེ། དེར་ནི་བདག་གིས་ཐུབ་པའི་ཆོས་པོས་གྱུར་དེ་ཏེ་ཐོས་ནས་དེ་བཞིན་འཟུང་། བདག་ནི་སྟོབས་བཅུ་ལྡན་ལ་བལྟ་བར་བགྱི་དང་དེ་བཞིན་ཕྱག་བགྱི་དང་། བྱང་།
227b2 སེམས་དཔའ་ཁྱུད་མཆོག་འདི་རྣམས་ཕན་ཚུན་དྲི་རྨད་འདིར་མཆིས་ཏེ། སྐྱོབ་ལ་ཕྱག་བགྱི་བས་ནི་ཆོས་རྒྱལ་མཚུངས་བྱེད་ཁྱོད་ལ་འདིར་ཕྱག་འཚལ།། སངས་རྒྱས་མཆོད་པ་གང་ལག་རྒྱ་ཆེན་ཤིན་ཏུ་རྒྱས་པས་མཆོད་པ་འཚལ།
227b3 ཀང་གིས་གཟུགས་ལ་གཟུགས་སུ་མྱི་རྟོགས་ཚོར་བ་འདུས་བགྱིས་མ་ལགས་ཤིང་། རྣམ་པར་ཤེས་པ་འང་ཚོར་གསུམ་བཞིན་དུ་རྟག་པར་ཤིན་ཏུ་རྣམ་དག་སྟེ། ཀར་ཞིག་འདྲེན་ལ་མཚན་དུ་མ་ལགས་སྐྱེ་དང་རིགས་སུ་མ
227b4 རྟོགས། མྱིག་ལྡན་དེས་ནི་ཆོས་ཀྱི་རྒྱལ་པོ་དྲི་མྱེད་ཡང་དག་དོན་ཏུ་དང་།། བདག་ཀམ་བདག་མྱེད་ཅེས་པའི་མཐའ་དེ་གཉི་ག་མྱི་ལེན་མྱི་འདོར་ཏེ། ནང་དུ་གྱུར་པ་ཞི་ཞིང་ཐུགས་ཀྱང་ཞི་སྟེ་ཕྱི་རོལ་རྒྱུག་མྱི
227b5 མངའ།། མྱི་རྟོག་རྣམ་མྱི་རྟོག་ཅིང་རྟོག་བྲལ་ཐུབ་པའི་ཐུགས་ནི། ནམ་མཁའ་འདྲ།། དེས་ནི་ཕྱོགས་བཅུའི་བདེ་གཤེགས་ཆོས་ཀྱི། རྒྱལ་མཚན་གསལ་མཛད་རྣམས་ལ་མཆོད།། གང་བློ་སྦྱིན་རྣམས
227b6 ལ་ནི་སྒྱུ་མ་ལེན་པ་སྟོང་པ་ཉིད། གཡོ་བ་མྱེད་པའི་ཡིད་ཀྱིས་ནོར་རྣམས་དེ་དག་རིག་པ་བྱེད་པར་གཏོང་།། བྱང་ཆུབ་དོན་དུ་ངེས་ཀྱི་ལྟ་བར་ངེས་རྐྱེན་སྤོས་ལ་གནས་མ་ཡིན། གང་བློ་སེམས་ཅན་ཉེས་པ་མཐར་ཕྱིན་དེ་ནི
227b7 སྦྱིན་བདག་སེར་སཱ་མྱེད།། དེ་ནི་རབ་ཏུ་ཞི་བས་ཞི་སྟེ་ངག་མྱེད་ཡིད་མྱེད་ལུས་གཏུང་མྱེད།། གདུང་བ་མྱེད་པས་གཏིང་བ་རྒྱ་ཆེན་བྲལ་ཏེ་ངེས་པ་དབང་པོ་ཞིག། བདག་མྱེད་ཐེག་པར་གནས་ནས་བྱང་ཆུབ་དམྱིགས་པ
227b8 མྱེད་ཅིང་དེ་མྱི་འདོར།། ཁྲིམས་ལྡན་བློ་ལྡན་ཁྲིམས་འཆལ་ཐར་ད་བྱེད་འདོད་ཚུལ་ཁྲིམས་དྲི་མ་མྱེད། ཆོས་རྣམས་སྐད་ཅིག་པར་ནི་རྟོགས་པ་ཞེས་བྱ་རྣམས་ལ་སྨྲས་པ་མྱེད།། ནམ་མཁའ་མཚུངས་པའི་ཡིད་ཀྱིས་འགྲོ་བ
227b9 འདི་དག་སྒྱུ་མ་ཇི་བཞིན་མཐོང་། གང་ཞིག་ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་ཡིད་ནི་བྲོ་མྱི་འགྱུར།། གང་ཞིག་བྱང་ཆུབ་རྟུལ་ཞུགས་གནས་པའི་བློ་ལྡན་མཁས་ཏེ་བཟོད་པ་སླ། གང་ཞིག་ཆོས་རྣམས་ཆུ་ཟླ་ཆུ་བུར་མཉམ་ཞིང




iiif viewer powered by OpenSeadragon

227a - 228a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo