| e-texts navigator |
| Wylie |
227a1 སཿལད་པ། ཚངས་པའི་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་སྟེ། འདི་ནི་དེའི་རྣམ་པར་སྲུལ་པའོ།། དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས། བྱང་ཆུབ་སེ
227a2 དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་རྫུ་འཕྲུལ་གི་ཆོ་འཕྲུལ་འདི་ལྟ་བུ་ཐོབ་པར་གྱུར་ད་ཅིག། གང་དག་བྱང་ཆུབ
227a3 སེམས་དཔའ་བློ་གྲོས་རྒྱ་མཚོའི་མྱིང་ཐོས་པའི་སེམས་ཅན་དེ་དག་ནི་རྙེད་པ་ལེགས་པར་རྙེད་པ་ལེགས་སོ།། བཅོམ་ལྡན་འདས་བདག་གིས་ཀྱང་སྐྱེས་བུ་དམ་པ་འདིའི་མྱིར་ཐོས་ཤིང་། གཟུགས་ཀྱི་ལུས་ཀྱང་མཐོང་བས་བདག
227a4 གིས་ཀྱང་རྙེད་པ་ལེགས་པ་རྙེད་དོ།། བཅོམ་ལྡན་འདས་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམས་གྲངས་འདི་ཡུན་ཇི་སྲིད་གཅིག་ཏུ་འཆང་།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། ཚངས་པ་ཇི་སྲིད་དུ་དེ་བཞིན་གཤེགས།
227a5 པའི་སྐུ་ཚེའི་ཚད་གནས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བྱང་ཆུབ་སེམས་དཔའ་འདི་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། ཡང་དག་པར་རབ
227a6 ཏུ་སྟོན་པ་དང་། རྒྱས་པར་བྱེད་པའི་བར་དུའོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱ་ས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་འདིའི་ནང་དུ་འདུས་པའི
227a7 ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས། འཁོར་ཐམས་ཅད་རྒྱ་ཆེར་ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང་། ཚངས་པའི་སྙིང་རྗེ་ཆེན་པོ་སེམས་འདུན་པར་བྱ་བ་དང་། ཆོས་ཀྱི
227a8 རྣམ་གྲངས་འདི་བརྒྱན་པར་བྱ་བ་དང་། བདག་ཉིད་ཀྱི་ཤེས་རབ་དང་སྤོབས་པའི་སྟོབས་ཉེ་བར་བསྟནད་པའི་ཕྱིར། པད་མ་དང་ལྷན་ཅིག་སེང་གེའི་ཁྲི་དང་ལྷན་ཅིག་ཏུ་སྟེང་གི་བར་སྣང་ལ། ཤིང་ཏ་ལ་བདུན་སྲིད་ཙམ་ན་འདུག
227a9 སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ཁྲག་ཁྲིག་སངས་རྒྱས་ཞིང་རྡུལ་སྙེད་ཀྱི་ཞིང་རྣམས་འདས་པའི་འོག་ལོགས་ན། རྫོགས་པའི་བྱང་ཆུབ་སེམས་དཔའ་གནས་ཤིང་ཡོན་ཏན་ཀུན་ལྡན་རབ་མཛེས་པ།