e-texts navigator
Collection
Volume
Page
Wylie

226b1 དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་ལྷན་ཅིག་ཏུ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ
226b2 གྲངས་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་ཡོངས་སུ་དྲི་བའི་ཕྱིར། འཇིག་རྟེན་གི་ཁམས་མྱི་མཇེད་འདིར་འོང་བ་ཡིན་ཏེ། གང་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ཆུས་ཡོངས་སུ་གང་བར་ཀུན་ཏུ་སྣང་བ་འདི་ལྟ་བུ་འདི
226b3 ནི་དེའི་རྣམ་པར་སྤྲུལ་པའི་བྱིན་གི་རླབས་སོ།། གསོལ་པ། བཅོམ་ལྡན་འདས་ད་ཅུང་ངུ་ཡང་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འཆད་དམ།། བཅོམ་ལྡན་འདས་ཀྱིས་བཀའ་མཿ་སད་པ། ཚངས་པ་དེ་བཞིན་གཤེས
226b4 པའི་སྤོབས་པའི་ལ་ནི་རྒྱུན་འཆད་པ་ཆུང་འད་ཀྱང་མྱེད་དེ། གང་གི་ཚེ་ད་ཀྱིས་དེ་བཞིན་གཤེགས་པ་ཅད་ཀྱི་གསུང་བར་གྱུརྡ་པར་མཐོང་བ་དེའི་ཚེ་ན་ཡང་། ད་ནི་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ནས་འདུས་མི
226b5 བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་རྣམ་པར་ངེས་པའི་གཏམ་ཡང་དག་པར་རབ་ཏུ་སྟོན་ཏེ། ཚངས་པ་སངས་རྒྱས་ཀྱི་ཡུལ་ནི་དེ་ལྟར། བསམ་གྱིས་མྱི་ཁྱབ་བོ།། གསོལ་ད་པ། བཅོམ་ལྡན་འདས
226b6 གང་འདི་ལྟ་བུ་འདི་རྣམ་པར་སྐུལ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོའ་ཞེས་བགྱི་བ་དེ་ཀ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་མལ་ད་པ། ཚངས་པ་ཁྱོད་ཀྱིས་པར་མ་ཆད་དཔག་ཚད
226b7 བཅུའི་ཁྱོན་ཙམ་ཡོད་པ་དེའི་དཀྱིལ་ན་པད་མའི་སྙིང་པོ་ལ་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་འབང་དུ་ཤིང་ཏ་ལ་བདུན་ཙམ་པ། སྲོག་ཆགས་བྱེ་བ་ཕྲག་མང་པོས་ཕྱག་བྱས་པ་མཐོང་ངམ།། བཅོམ་ལྡན་འདས་ཀྱིས་བཀའ
226b8 སཿལད་པ། ཚང་པ་ཁྱོད་ཀྱིས་སེར་གེའི་ཁྲི་དེ་ལ་བྱང་ཆུབ་སེམས་དཔའ་ལུས་ཀྱི་གསེར་གི་ཁ་དོག་ཏུ་འདུག་པ།། ལུས་མཚན་དང་དཔེའ་བྱང་བཟང་པོས་ལེགས་པར་བརྒྱན་པ་འདུག་སྟེ། གང་དེ་བཞིན་གཤེགས་པའི་སྐུ་མ་གཏོག
226b9 པར་གཞན་བྱང་ཆུབ་སེམས་དཔའི་ལུས་བྲིས་ཀྱིས་མནན་ནས་འཅུག་པ་བྱང་ཆུབ་སེམས་དཔའ་མང་པོས་ཕྱག་བྱས་པ་མཐོང་ངམ།། གསོལན་པ། བཅོམ་ལྡན་འདས་མཐོ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ།




iiif viewer powered by OpenSeadragon

226a - 227a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo