e-texts navigator
Collection
Volume
Page
Wylie

226a1 ཆོས་ཆེན་པོ་འདི་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་ཀར་ལགས།། ཞེས་སུའོ་སྙམ་མོ།། དེ་ནས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ། ཚངས་པ་འབྲུམ་ཕྲག་དྲུག་བཅུ་རྩ་བརྒྱད་ཀྱིས་ཡོངས་སུ་བརྐོན
226a2 ཏེ་མདུན་དུ་བདར་ནས་ལྷན་ཅིག་ཏུ་ཚངས་པའི་འཇིག་རྟེན་ནས་མྱི་སྣང་བར་གྱུར་ད་ནས། རིན་པོ་ཆེ་བཀོད་པའི་འཁོར་གི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར། སྟེང་གི་བར་སྣང་ལ་འདུག་སྟེ། ལུས་བཏུད་ཐལ་མོ་སྦྱར་ན
226a3 བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཅི་ལགས།། གང་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག
226a4 རྟེན་གི་ཁམས་འདི་ཆབ་ཀྱིས་ཡོངས་སུ་བལྟམ་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་འདའ་བ་དང་། པད་མ་བྱེ་བ་ཁྲག་ཁྲིག་རྒྱ་སྟོང་ཕྲག་འདི་སྙེད་ཅིག་བྱུང་བ་འདི་དང་། དེ་དག་ལ་ཡང་སྐྱེས་བུ་དམ་པ་དག་མཆིས་པ་འདི་ལྟ་བུ་ཀུན་ཏུ
226a5 གདའ་ཡང་། བཅོམ་ལྡན་འདས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིགརྟེན་གི་ཁམས་ན། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ཡང་སྒྲིབ
226a6 པ་མ་མཆིས་པར་ཀུན་ཏུ་གདའ་བ་དང་། འཛམ་བུའི་གླིང་རྣམས་དང་། གླིང་བཞི་པའི་ཆེན་པོ་རྣམས་དང་། རྒྱ་མཚོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཨ་ཡང་སྔོན་ཇི་ལྟ་བར་ཕྱིན
226a7 ཀྱང་དེ་བཞིན་དུ་སྒྲིབ་པ་མི་ཡང་མ་མཆིས་པར་དེ་ཁོར་བཞིན་དུ་ཀུན་ཏུ་གདའ་བ་དེ་ལ། བཅོམ་ལྡན་འདས་འདི་སུའི་བྱིན་ཀྱི་ཚབས་ཀྱིས་གྱུར་ད་སྙམ་དུ་བདག་རོ་མཚར་ཆེར་གྱུར་ད་ན། འདི་སུའི་སྔ་ལྟས་ལགས།། དེ་སྐད་ཅེས་གསོས
226a8 པ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་ལ་འདི་སྐད་ཅེས་བཀའ་མཚལ་ཏོ།། ཚངས་པའི་འདི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱ་མཚོ་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕམ
226a9 བའི་མངོན་པར་མཁྱེནད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གི་ཁམས་ཡོན་ཏན་རིན་པོ་ཆེའི་དྲི་མ་དང་བྲལ་བ་དཔག་ཏུ་མྱེད་པ་བཀོད་པས་བརྒྱན་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ།། བྱང་ཆུབ་སེམས




iiif viewer powered by OpenSeadragon

225b - 226b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo