| e-texts navigator |
| Wylie |
225a1 མྱིག་ཕྱེ་བ་ཙམ་གིས་འཇིག་རྟེན་གི་ཁཾས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མྱེད་པ་བཀོད་པས་བརྒྱན་པ་དེ་ནས་མྱི་སྣང་བར་གྱུརྡ་ནས། འཇིག་རྟེན་གི་ཁམས་མྱི་མཇེད་འདིར་ཕྱི་ནད་ཏེ། རིན་པོ་ཆེ་བཀོད
225a2 པའི་འཁོར་གི་ཁྱམས་གཞི་ལས་ཐལ་ནས། ཤིང་ཏ་ལ་སྲིད་དུ་མངོན་པར་འཕགས་ཏེ། པད་མའི་སྙིང་པོ་ལ་འདུག་པར་སྣང་ངོ་།། དེ་ལས་གཞན་པའི་པད་མའི་སྙིང་པོ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་སེམས
225a3 དཔའ་ཆེན་པོ་དེ་དག་འཁོར་བར་ཀུན་ཏུ་སྡང་ངོ་།། འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཚད་མྱེད་གྲངས་མྱེད་པ་དག་ནས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་གྲངས་མྱེད་དཔག་ཏུ་མྱེད་པ་དག་ཆོས་ཉན
225a4 པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོའི་ཕྱི་བཞིན་ཏུ་འབྲང་བར་གྱུར་པ་ཏོ།། དེ་ནས་ཕྱོགས་བཅུའི་འཇི་ག་རྟེན་གི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དང་།
225a5 ཆེན་པོ་པད་མ་ལ་འཁོད་པ་དག་གིས། རིན་པོ་ཆེ་འཁོད་པའི་འ། ཁོར་གྱི་ཁྱམས་ཤིན་ཏུ་རྒྱས་པར་མཛེས་ཏེ། ལམ་མེ། ལྷ་མེ་ལྷང་། དེའོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ
225a6 གྱུར་ད་ཏེ། དགའ་བ་དང་དད་པ་དང་། རབ་ཏུ་དགའ་བ་ཐོབ་ནས། ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོས།
225a7 འཇིག་རྟེན་གི་ཁམས་ཡོན་ཏན་རིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མྱེད་པ་བཀོད་པས་བརྒྱནད་པ་ན། ཡོད་པའི་མེ་ཏོག་མྱ་ངན་མྱེད་ཅིང་ཡིད་དུ་འོང་བའི་མཐོང་ན་དགའ་ཞེས་བྱ་བ་འདབ་མ་བྱེ་བ་ཁྲིག་ཁྲིག་བརྒྱ་སྟོང་ཏུ་མ་དང་།
225a8 ལྡན་པ། ཚད་རྒྱང་གྲགས་ཀྱི་ཁྱོན་ཙམ་ཡོད་པ། དེ་བཞིན་གཤེགས་པ་ལ་མཆོད་པར་འོས་པ། བྱང་ཆུབ་སེམས་དཔའི་བསམ་པས་རྣམ་པར་དག་པ། སྔོན་གི་དགེ་བའི་ཆབས་ཡོངས་སུ་སྦྱངས་པ། རྣམ་པར་དཀྲ་བ
225a9 མཱི་ཏུ་སྟུག་པ། འཁོར་ཐམས་ཅད་ཚིམ་པར་བྱེད་པ། ཀུན་ནས་འོད་དང་ལྡན་པ། ཀུན་ནས་ཤིན་ཏུ་ཡིད་ཏུ་འོང་བའི་དྲི་དང་ལྡན་པའི་མེ་ཏོག་དེ་འདྲ་བ་དག་མཆོད་པའི་ལས་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མེ་ཏོག་རྒ