| e-texts navigator |
| Wylie |
224b1 པུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཐག་རིང་པོ་དེ་སྲིད་གཅིག་ན་མཆིས་ཤིང་། ཆོས་ཀྱི་རྣམ་གྲངས་འདི་ཉན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀྲ
224b2 ད་པ།། ཤ་རིའི་བུ་ཁྱོད་ཇི་ལྟར་ངའི་མདུན་ན་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་འཇིག་རྟེན་གི་ཁམས་དེ་ན་འདུག་ཅིང་། ཆོས་ཀྱི་རྣམ་གྲངས་འདི་ཉན་ནོ།། ཤ་རིའི།།
224b3 བུ་ཁྱོད་ཀྱིས་ཇི་ལྟར་ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་མཐོང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ཀྱང་། ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདི་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས
224b4 ཀྱེ་མའོ།། ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་འདི་བསམ་གྱིས་མྱི་ཁྱབ་སྟེ། འདི་ལྟར་ཟག་རིང་པོ་དེ་སྲིད་ན་མཆིས་ཀྱང་མྱིག་གིས
224b5 གཟུགས་མཐོང་བ་ལ་བསྒྲིབ་པ་མ་མཆིས་ཤིང་། རྣ་བ་ལས་སྒྲ་རྦ་ས་པ་ལ་སྒྲིབ་པ་མ་མཆིས་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི
224b6 ཏང་གི་ཆེ་བ་ཉིད་བསམ་གྱིས་ཀྱི་ཁྱབ་པ་འདི་ཐོས་ནས། སུ་ཞིག་བླན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱི་བསྐྱེད། གནས་བརྟན་ན་རིའི་བུས་བསྟན་པ་འདི་བཤད་པའི་ཆེ། ལྷའི་བུ་ཉིའི
224b7 སྟོང་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས
224b8 འདས་པ་དག་གིས་ཀུན་ནས་བསྐོར་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་བཅོམ་ལྡན་འདས་རྒྱ་མཚོའི་མཆོག་མངའ་བའི་བློས་རྣམ་པར་རོལ་པ་མངོན་པར་འཕགས་པའི་མངོན་པར་མཁྱེན་པའི་དེ་བཞིན་གཤེགས་པ་དེ།
224b9 ལ་གསོལ་ནས།། བཅོམ་ལྡན་འདས་དེས་གནང་སྟེ། སངས་རྒྱས་རྣམ་པར་རོལ་པའི་རྫུ་འཕྲུལ་ཀྱི་རྐང་པ་རྣམས་དང་། མངོན་པར་འདུ་བྱ་བ་མྱེད་པའི་རྫུ་འཕྲུལ་དང་། སེམས་གཅིག་གིས་ཐོབ་པའི་དྲན་པས