e-texts navigator
Collection
Volume
Page
Wylie

224a1 ཀུན་ཏུ་སྣང་བ་ལགས་ན། ཀྱེ་མའོ་འདི་ནི་ཆོས་བསྟན་པ་ཆེན་པོར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཆོ་འཕྲུལ་རྒྱ་ཆེན་པོ་དེ་མཐོང
224a2 ནས། པད་མའི་བསྟན་ལས་ལངས་ཏེ། བླ་གོས་བྲག་པ་གཅིག་ཏུ་བཀོས་ནས། པུས་མོ་གཡས་པའི་ལྷ་པད་མའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན
224a3 འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ཆབ་ཀྱིས་ཡོངས་སུ་བལྟམ་པའི་རྒྱ་མཚོ་གཅིག་ལྟ་བུར་ཀུན་ཏུ་འདའ་བ་དང་། པད་མ་བྱེ་བ་ཁྲག་ཁྲིག་བརྒྱ
224a4 སྟོང་འདི་སྙེད་ཅིག་མངོན་པར་བྱུང་འདི་དག་དང་། བཅོམ་ལྡན་འདས་སྔོན་མ་བྱུང་མ་འོས་པའི་ཆོས་འཕྲུལ་རྒྱ་ཆེན་པོ་འདི་དག་ཀུན་ཏུ་གདའ་བ་འདི་སུའི་སྔ་ལྟས་ལགས།། དེ་སྐད་ཅེས་གསོལ་པ་དང་།།
224a5 བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱམས་པ་ལ་འདི་སྐད་ཅེས་གསོལ་ཏོ།། བྱམས་པ་འོག་གི་རྒྱ། གས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟོང་གསུམ་གི་སྟོང
224a6 ཆེན་པོའི་འཇིག་རྟེན་གི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན། འཇིག་རྟེན་གི་ཁམས་ཡོན་ཏན་རིན་པོ་ཆེའི་དྲི་མ་དང་བྲལ་བ་དཔག་ཏུ་མྱེད་པ་བཀོད་པས་བརྒྱན་པ་ཞེས་བྱ་བ་དེ་ན
224a7 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོའི་མཆོག་མངའ་བའི་ཐོས་རྣམ་པར་རོལ་པ་མངོན་པ་ཅཝནི་མ་འོད་པར་བྱེད་རྦེ་རྩ་བ་འཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོནད་པ་ཡོད་དེ། སངས
224a8 རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་། ལྷན་ཅིག་ཏུ་ང་ལ་བལྟ་བ་དང་ཕྱག་བྱ་བ་དང་། བསྙེན
224a9 བཀུར་བྱ་བ་དང་། ཆོས་བསྟན་པ་འདི་ལས་གཏམ་གི་རྒྱུད་འགའ་ཞིག་འདྲི་བའི་ཕྱིར་འཇིག་རྟེན་གི་ཁམས་མྱི་མཇེད་འདིར་འོང་བར་འགྱུར་ཏེ།། འདི་ནི་དེའི་སྔ་ལྟས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི




iiif viewer powered by OpenSeadragon

223b - 224b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo