| e-texts navigator |
| Wylie |
223b1 པར་རབ་ཏུ་བསྟནད་པས།། ཐམས་ཅད་དང་ལྡན་པའི་སྟོར་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འོག་ཏུ་སའི་སྟེར་ནས་བཟུང་བ་ཡན་ཆད། རིན་པོ་ཆེའི་བཀོད་པའི་འཁོར་གི་ཁྱམས་ཀྱི་གཞི་ལ་ཟུག་པའི་བར་དག་ཆུས
223b2 ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟར་ཀུན་ཏུ་སྣང་བ་སྟེ། འདི་ལྟ་སྟེ་དཔེར་ན། སྲེག་པ་བསྐལ་པ་འདས་ནས་ཆགས་པ་འབྱུང་བའི་ཚེ། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ཐམས་ཅད་དུ་ཆུས་ཡོངས་སུ
223b3 ཀང་བར་འགྱུར་ཏེ། ཆུའི་དཀྱིལ་འཁོར་གྱིས་ཡོངས་སུ་འཁོར་བ་དེ་བཞིན་དུ། དེའི་ཚེ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཐམས་ཅད་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པར་ཀུན་ཏུ་སྔར་ཡང་།
223b4 སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ན། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འབྲ་འཁོར་རྣམས་ལ་ཡང་སྒྲིབ་པ་མྱེད་པར་ཀུན་ཏུ་སྣང་ངོ་།།
223b5 འཛམ་བུའི་གླིང་རྣམས་དང་། གླིང་བཞི་པ་ཆེན་པོ་རྣམས་དང་། རྒྱ་མ་ཚོའ་ཆེན་པོ་རྣམས་དང་། རི་རབ་རྣམས་དང་། འདོད་པ་ན་སྤྱོད་པའི། ལྷའི་བུ་རྣམས་ལ་ཡང་སྔོན་ཇི་ལྟར་བར་ཕྱིས་ཀྱང་དེ་བཞིན་དུ་སྒྲིབ་པ
223b6 ཅི་ཡང་མྱེད་པར་ནེ་ཁོ་ན་བཞིན་དུ་ཀུན་ཏུ་སྣང་ངོ་།། ཆུའི་ཕུང་པོ་དེ་ལས་ཀྱང་། པད་མ་ཆུ་བ་ནི་བྱེ་དུ་རྱ། ལོ་མ་ཡ་ལ་ཀ་ནི་ཨ་ད་རྙིལ། ལོ་མ་ནི་འཛམ་བུ་ཆུ་བོའི་གསེར། ཟེ་བ་ནི་དཔལ་གི་སྙིང་པོ་ནི་རྡོ་རྗེའི་སྙིང་པོ་ལས་གྲུབ་པ།
223b7 མུ་ཏིག་གི་དྲ་བས་ནི་ཁྱབས་པར་བྱས།། འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རུ་མ་དང་ལྡན་པ། ཚད་ནི་རྒྱང་གྲངས་ཀྱི་ཁྱོན་ཙམ་ཡོད་པ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་འབྱུང་སྟེ། དེ་དག་རིན་པོ་ཆེ་བཀོད།
223b8 པའི་འཁོར་ཀི་ཁྱམས་ཀྱི་གཞི་ལས་ཐལ་ནས། ཤིང་ཏ་ལ་སྲིད་དུ་འཕགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་དེའི་ཚེ། པད་མ་ལ་འཁོད་པར་ཀུན་ཏུ་སྣང་ངོ་།། པད་མ་དེ་དག་ལས་ཀྱང་འོད་གང་དག་གི།
223b9 ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མྱེད་གྲངས་མྱེད་པ་དག། སྣང་བ་ཆེན་པོས་ཁྱབ་པར་གྱུར་པའི་འོད་དེ་ལྟ་བུ་དག་བྱུང་ངོ་།། དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་པ་ནས། ཇི་ལྟར་ལྟས་འདི་དག