| e-texts navigator |
| Wylie |
223a1 འཆར་མ། བྱར་གྱི་ལྡོག་པའི་སྟོན་པ།། ཐེག་པ་ཐམས་ཅ་མཉམ་པ་ཉིད་དུ་ཡང་དག་པར་འདུབ། ཆོས་ཀྱི་དབྱིང་ས་འདྲེས་པ་བྱེད་དེ།། རྒྱལ་གཅིག་པ་རབ་ཏུ་ཕྱེ་བས་འཇུག་པ། སེམས་ཅན་ཐམས་དུ
223a2 པ་དང་། དབང་པོ་ཚུལ་ལ་འཇུག་པ་སྟོནད་པ། སྙིང་པོ་དང་ལྡན་པ། ཆོས་རྣམ་པར་གདོན་མྱི་ཟ་བ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པ། ཚུལ་བཞིན་དུ་ཆོས་ཀྱི་ཚུལ་ས་འབབ་ཅིང་འཇུག་པ། ཉོན་མོངས་པ
223a3 དང་། ལྟ་བར་གྱུ་རད་པ་ཐམས་ཅད་འདུལ་བ། ཆགས་པ་མྱེད་པའི་ཡེ་ཤེས་ལ་འཇུག་པ། ཀུན་ཏུ་བསྒོ་བའི་ཐབས་ལ་མཁས་པ་ཤེས་པས་བསྟོད་པ། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པ། ཆགས
223a4 པ་མྱེད་པའི་བྱིན་གི་རླབས་ཀྱི་སྒོ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྣམ་པར་གདོན་མྱི་ཟ་པ། སྟོན་པ་མྱི་རྟོག་ཅིང་རྣམ་པར་མྱི་རྟོག་སྟེ་མཉམ་པ་ཉིད་དུ་འཇུག་པ། རྟེན་ཅིང་འབྲེལྡ་པར་འབྱུང་བ། ཟབ་མོ་རྟོགས་པར་བྱེད་པ
223a5 བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་སཚོགས་པ། སངས་རྒྱས་ཀྱི་སྐུ་དང་། གསུང་དང་། ཐུགས་མཉམ་པ་ཉིད་ཀྱི་རྒྱན་དང་ལྡན་པ།། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། མོས
223a6 པ་དང་། ཤེས་རབ་མྱི་ཟད་པ། མངོན་པར་བསྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་ཕྱིར། འཕགས་པའི་བདེན་པའི་ཚུལ་ལ་འ་དྲུག་པ། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་ཕྱིར། ལུས་དང་།
223a7 སེམས་རབ་ཏུ་དབེན་པར་ཤེས་པ། ཐེག་པ་ཆེན་པོས་འདུལ་བའི་ཕྱིར། ཐམས་ཅད་མཁྱེནད་པ་དབང་སྐུར་བ། རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེའི
223a8 གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་གསུང་ངོ་།། ཀོན་ཏེ། རབ་ཏུ་འཆད་དོ།། འཛིན་དུ་འཇུག་གོ།། ཀློག་ཏུ་འཇུག་གོ།། ཤེས་པར་མཛད་དོ།། རྣམ་པར་ཤེས་པར་མཛད་དོ།། རབ་ཏུ་འགོད་དོ།། རྣམ་པར་འབྱེད
223a9 རྣམ་པར་འགྲེལ་ཏོ།། གམས་པར་མཛད་དོ།། ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་ནི་ནང་ཏུ་རྣམ་པར་ངེས་པ་འདུས་པ་ཆེན་པོའི་ལེའུ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་རྒྱ་ཆེ་པ་ཡང་དག