| e-texts navigator |
| Wylie |
222b1 པར་བ་ཆེན་པ། བྱང་ཆུབ་སེམས་དཔའི་གཟུངས་མྱི་ཟད་པའི་ཟ་མ་ཏོག་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ལ་དབང་ཐོབ་པ། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་སེམས་ཅན་ཐོས
222b2 ཅད་སིམ་པར་བྱེད་པ། རྗེས་སུ་ཐོབ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུན་ཀྱིས་གྲུབ་པས་ངེས་པར་འགྱུར་བ། བཀོད་པའི་རྒྱན་གྱི་ལྷག་པའི་བསམ་པ་ལ་ཤིན་ཏུ་གནས་པ། ཚད་མྱེད་པ་གྲངས་མྱེད་བསམ་གྱིས་མྱི་ཁྱབ། མཚུངས
222b3 པ་མྱེད། གཞས་དུ་མྱེད། དཔག་ཏུ་མྱེད་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛོད་ཀྱི་ཟད་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཚད་མྱེད་པ་ཞེས་བྱ་བ་དང་། བྱང་ཆུབ་སེ།
222b4 དཔའ་སེམས་དཔའ་ཆེན་པོ་སྤོབས་པ་མཐའ་ཡས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམྱིགས་པ་མྱེད་པའི་བསམ་གཏན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན
222b5 འགྲུས་གོང་བ་མྱེད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དང་། འཆེན་པོ་བརྩོན་འགྲུས་བློ་གྲོས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱུན་མྱི་ཆད་པ་ཞེས་བྱ་བ་དང་། བྱང
222b6 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་པ་མྱེད་པ་ཀྱི་འཇིགས་པ་བརྩེགས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ངེས་པར་བརྟགས་ཏེ་ལྟ་བ་ཞེས་བྱ་བ་དང་། དེ་ལས་སོཚོགས
222b7 པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མྱེད་གྲངས་མྱེད་བསམ་གྱིས་མྱི་ཁྱབ་མཚུངས་པ་མྱེད། གཞལ་དུ་མྱེད། དཔག་ཏུ་མྱེད་པ་དག་དང་ཡང་ཐབས་གཅིག་གོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་གྱོད
222b8 པ་ལ་འཇུག་པས་ངེས་པར་འབྱུང་བའི་སྒྲིབ་པ་མྱེད་པའི་སྒོ་བྱང་ཆུབ་སེམས་དཔའི་ལམ། བཀོད་པ་ལ་དམྱིགས་པ། སྤོབས་དང་། གྱི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་ཡེཤེས་ཀྱི་འབྱུང་གནས།
222b9 ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ། སོ་སོ་ཡང་དག་པར་རིག་པས་རྣམ་པར་གདོན་མྱི་ཟ་བ་ལ་འཇུག་པའི་སྒོ་མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་འབག་པས་འཇུག་པ། ཕྱིར་མྱི་ལྡོག་པའི