| e-texts navigator |
| Wylie |
222a1 བསགས་པའི་གྱོད་པ་ཆེན་པོའི་རྒྱུ་འཐུན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པར་སྦྱིན་པས་མངོན་པར་གྲུབ་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་གནས། བསྟན་པ་མཐའ་ཡས་པ། དེ་བཞིན་གཤེགས།
222a2 པས་རྣམ་པར་སྲུལ་པས། བྱིན་གྱིས་རླབས་པ། ཆགས་པ་མྱེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ་དགའ་བའི་རྒྱ་ཆེན་པོ་བསྐྱེད་པ།། དྲན་པ་དང་བློ་གྲོས་དང་། རྟོགས་པས་འཇུག་པ་ཀུན་ནས་མ་སྤད་པ། ཡེ་ཤེས
222a3 ཀྱིས་རྣམ་པར་བྱེད་པ་དེ་ལ་མ་ཆགས་པར་རྟོགས་པས་འཇུག་པ། བསྐལ་པ་མུ་མྱེད་པར་མངོན་པར་སྟོང་པ། ཡོན་ཏན་གྱི་ཚོགས་ཐམས་ཅད་དཔག་ཏུ་མྱེད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ
222a4 ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ནི་གྀ་ན་ཏུ་བསྐོར།། སློབ་མ་ཞི་ནད་ཏུ་ཡིད་དུལ་བ་མཐའ་ཡས་པའི་ཆོན་ས་ནི་མང་བ། ཆོས་ཐམས་ཅད་ལ་མངའ་དབང་ནི་རྙེས།། སོས
222a5 ཅན་ཐམས་ཅད་ཀྱི་བསམ་པ་གྲུབ་པ་ནི་ལེགས་པར་མཁྱེན་དང་། ང་བོའི་དམ་པའི་ཕ་རོལ་ཏུ་ཕྱིནད་པ་ནི་ཉེས། བག་ཆགས་ཀྱི་མ། ཚམས་སྦྱོར་བ་ཡང་དག་པར་འཇོམས་ནི་མཁས། སངས་རྒྱས
222a6 ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་ཆད་ཅིང་། དགེ་སློང་འབུམ་ཕྲག་དྲུག་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏེ། ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། ཉོན་མོངས་པ
222a7 ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམ་པ་ལ་བརྩོན་པ། ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྲས་ཆོས་ཟབ་མོ་ལ་གནས་པ། དམྱིགས་པ་མྱེད་པའི་ཆོས་ཀྱིས་ངེས་པར་འབྱུང་བ། སྤྱོད་ལམ
222a8 མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤི་ནང་དུ་ཞུགས་པ་ཤ་སྟག་གོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
222a9 དབྱིགས་པ་མྱེད་པའི་བྱང་ཆུབ་སེམས་དཔའི་བཟོད་པ་རབ་ཏུ་ཐོབ་པ། དབང་བསྐུར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ས་ལ་ཞུགས་པ། མངོན་པར་འདུ་བྱེད་པ་མྱེད་པའི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པས་རྣམ།