e-texts navigator
Collection
Volume
Page
Wylie

221b1 ཏུ་སྟོན་ཅིག། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི།། བཅོམ་ལྡན་འདས་ཀྱིས
221b2 བཀའ་མ་ལད་པ།། ཀུན་དགའ་བོ་མདོ་སྡེ་སྙིང་རྗེ་ཆེན་པོ་ལ་འཇུག་པ་ཞེས་བྱ་བར་ཟུང་ཤིག། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་བར་ཟུང་ཤིག། ཀུན་དགའ
221b3 བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང་ལགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སཎ་ལད་པ་དང་། ཟླ་འོད་གཞོན་ནུར་གྱུར་ད་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་།
221b4 འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་སྙེན་དང་། དགེ་བསྙེན་མ་དེ་དག་དང་གནས་གཙང་མའི་རིས་ཀྱི་ལྷའི་བུ་ཏུ་མ་དག་དང་། ལྷ་དང་མྱི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད
221b5 རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པརསྟོད་དོ།། ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉ། མ་པ་ཉིད་རྣམ་པར་སྲོས་པའི་ཏིང་ངེ་འཛིན་ཇི་སྙེད་པ།
221b6 རྫོགས་སྷོ།། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྲོས་པའི་ཏིང་ངེ་འཛིན་གི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། རྫོགས་སྷོ།།
221b7 རྒྱ་ཀར་གི་མཁན་པོ་ཤི་ལེན་དྲ་བོ་དེ་དང་ཞུ་ཆེན་ཀི་ལོ་ཚ་བ་བན་དེ་དར་མ་ཏ་ཤི་ལས་བསྒྱུར་ཅིང་ཞུས་ཏེ།། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨ་རྱས་ཀ།
221b8 ར་མ་ཏི་པ་རི་པྲིད་ཙ་ན་མ་ཧ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི
221b9 སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དེ་བཞིན་གཤེགས་པའི་ཁྱོད་ཡུལ་རིན་པོ་ཆེ་བཀོད་པའི་འཁོར་གི་ཁྱམས་དེ་བཞིན་གཤེགས་པའི་གནས་བསོད་ནམས་ཆེན་པོའི་རྒྱན་གི་ཆོས




iiif viewer powered by OpenSeadragon

221a - 222a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo
Ng4.2 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo