| e-texts navigator |
| Wylie |
303a1 སངས་རྒྱས་སུ་འགྱུར་ཞིང་། བུད་བྱེད་གཞན་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། ཟོས་པའི་མོད་ལ་བུད་མྱེད་ཀྱི་དངོས་པོ་ལས་འགྱུར་བ་ལྟ་ན། བཅོམ་ལྡན་འདས་དེའི་སླད་དུ་ཕུང་པོ་འདི་ཉིད་ལ། བུད་བྱེད་ཀྱིལ
303a2 དབང་པོ་མྱི་གདའ་བར་འགྱུར་ཏེ། སྐྱེས་པའི་དབང་པོ་འབྱུང་བར་གྱུར་ད་ཅིག། ཅེས་སྨྲས་སོ།། དེ་ནས་སྲིང་མོ་དེ་ཉིད་དུ་བུད་མྱེད་ཀྱི་དབང་པོ་མྱི་སྣང་བར་གྱུར་ད་ཏེ། སྐྱེས་པའི་དབང་པོ་བྱུང་བར་གྱུར་ཏོ།། དེ་ཡང
303a3 བཅོམ་ལྡན་འདས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཉོན་མོངས་པ་ཐམས་ཅད་ཟློག་པ་ཞེས་བྱ་བར
303a4 འགྱུར་རོ་ཞེས་ལུང་བསྟནད་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གི་སྙིང་པོ་དང་། དགེ་སློང་དེ་དག
303a5 དང་། བྱང་ཆུབ་སེམས་དཔའ་མང་པོ་དེ་དག་དང་། ལྷ་དང་། མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན
303a6 བར་བསྟོད་དོ།། ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིནད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོལ། རྫོགས་སྷོ།།
303a7 རྒྱ་ཀར་གི་མཁན་པོ་སུ་ལེན་དྲ་བོ་དེ་དང་། ཞུ་ཆེན་ཀི་ལོ་བ་བན་དེ་ཡེ་ཤེ་སྡེ་བསྒྱུརྡ་ཅིང་། ཞུས་ཏེ་གཏན་ལ་ཕབ་པ།
303a8 །། རྒྱ་ཀར་སྐད་དུ། ཨ་ནྱ་ས་མ་དཱི་མ་ཏྲ་ཨུ་ཏ་མ།། བོད་སྐད་དུ། འཕགས་པ་ཏིང་ངེ་འཛིནད་ཀྱི་མཆོག་དམ་པ། བམ་པོ་གཅིག་ཀོ།། ། འདི་སྐད་བདག་གིས་ཐོས་པའི
303a9 དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དགེ་སློང་ཆེན་པོའི་དགེ་འདུན་སུམ་ཁྲི་དང་། བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ལྔ་སྟོང་ཙམ་དང་། ལྒ་དང་། ཀླུ་ལས་སོགས་པ་སྡེ་བརྒྱད་དང་། ལྦ་དང་མྱི