| e-texts navigator |
| Wylie |
302b1 མདོལ་སྡེ་འདི་ལྟ་བུ་འདི་བླང་བར་བཀྱི། གཟུང་བར་བགྱི། བཅང་བར་བགྱི། ཀླག་པར་བགྱི། ཀུན་ཆུབ་པར་བགྱི། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟནད་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས།
302b2 ཀྱིས་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སུ་ལང་ཏོ།། པད་མའི་དཔལ་ཀི་སྙིང་པོ་ཆོས་ཀྱི་རྣམ་གྲངས་འདི་རྣམ་གྲངས་འདི་བུད་མྱེད་ཀྱིས་ཐོས་མ་ཐག་ཏུ་བུད་མྱེད་ཀྱི་དངོས་པོ་ལས།
302b3 རྒྱུར་ཏེ། རྒྱུ་གཉིས་མ་གཏོགས་པ་ནི་འདི་ལྟ་སྟེ། ཕྲག་དོག་དང་། སེར་སྣའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། མྱི་མཇེད་ཀྱི་བདག་པོ་ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་བུ་བརྒྱ་སྟོང་དུ་མ
302b4 དག་གིས་ལྷའི་མེ་ཏོག་མན་ད་ར་བ་དཀ། བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་དེ་དག་ལ་མངོན་བར་གཏོར་ད་ཏོ།། ལྷའི་བསིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ
302b5 སྟོང་བསིལ་ནས། འདི་སྐད་ཅེས་ཀྱང་འཛེ་རད་ཏོ།། ཆོས་ཀྱི་རྣམ་གྲངས་འདི་གང་དག་ཀི་རྣ་ལམ་དུ་ཀླཀ་པ་དཀ་ལེགས། པར་བཏོན་ནས་འཛིནད་པ་དང་། གཞན་དག་ལ་ཡང་རྒྱ
302b6 ཆེར་ཡང་དག་པར་རབ་ཏུ་སྟོནད་པའི་སེམས་ཅན་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་པ་ལེགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། རིགས་ཀྱི་བུ་དག་ཇི་སྐད་སྨྲས་པ་དེ་དེ
302b7 བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་ལག་ན་འདུག་པ་དང་། གང་དག་གིས་ཐོས་ནས་མོས་པར་འགྱུར་བའི་སེམས་ཅན་དེ་དག་ནི། སངས་རྒྱས་ཁྲི་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། དེ་ནས
302b8 སྲིང་མོ་བརྡུལ་དང་བྲལ་བ་ཞེས་བྱ་བ་འཁོར་དེར་འདུས་པར་གྱུར་ཏེ། འདུག་པ་དེ་སྙམས་ས་ལངས་ནས་ལྷག་པའི་བསམ་པས་ཚིག་འདི་སྐད་ཅེས། བཅོམ་ལྡན་འདས་བདག་གིས་ཕྲག་དོག་དང
302b9 སེར་སྣ་སྤངས་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་མེད་པ་གསུང་བ་ལགས། བཅོམ་ལྡན་འདས་གལ་ཏེ་བདག