| e-texts navigator |
| Wylie |
301b1 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་། དེ་བཞིན་གཤེགས་པས་གསུངས་པའི་མདོའི་སྡེ་ཟབ་མོ་འཛིནད་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར
301b2 བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོནད་པ་དེའི་བསོད་ནམས་ཇི་སྙེད་ཅིག་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས
301b3 པ་ལ་ཡོངས་སུ་འདྲི་བའི་གཏམ་འདིས་ཅི་ཞིག་བྱ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སེམས་ཅན་དམན་པ་ལ་མོས་པ་དེ་དག། དེ་བཞིན་གཤེགས་པས་གསུངས་པ་ལ་ཡིད་མྱི་ཆེས་པར་འགྱུར་བའི་ཕྱིར་ཏེ། དེ
301b4 ལྟར་འདི་དག་ཡུན་རིང་པོར་གནོད་པ་དང་། ཕན་པ་མྱེད་པ་དང་། བདེའ་བ་མྱེད་པ་དང་། ལོག་པར་ལྟུང་བར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་འཁོར་འདི་ན་རིགས་ཀྱི་བུ་དང་། རིགས་ཀྱི
301b5 བུ་མོ་དག་རྒྱ་ཆེན་པོ་ལ་མོས་པ་དང་། མོས་པ་མང་བ་དག་ཀྱང་མཆིས། སླད་མའི་སྐྱེ་བོ་རྣམས་ལ་ཡང་སྣང་བ་བགྱིས་པར་འགྱུར་ན། དེ་བཞིན་གཤེགས་པས་སྐྱེ་བོ་མང་པོ་ལ
301b6 སྨནད་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་བཤད་པར་གསོལ་ད། བཅོམ་ལྡན་འདས་ཀྱིས་བཀའ་སུ་ལད་པ། པད་མའི་དཔལ་གི་སྙིང་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ
301b7 ཡིད་ལ་ཟུང་ཤིག་དང་། བཤད་དོ།། བྱང་ཆུབ་སེམས་དཔའ་པད་མའི་དཔལ་ཀི་སྙིང་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྷར་ཉནད་པ་དང་། བཅོམ་ལྡན་འདས
301b8 ཀྱིས་འདི་སྐད་ཅེས་བཀའ་སྩ་ལད་ཏོ།། རིགས་ཀྱི་བུ་འདི་ལ་མྱི་ག་པལ་ལ་སྟོབས་དང་ལྡན་པ། མཐུ་དང་ལྡན་པས་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པ་ཞིག་བྱུང་སྟེ། ཇི་ཙམ་སེམས་ཅན་གི་ཁམས
301b9 སུ་གདགས་པས། བཏགས་པའི་སེམས་ཅན་གི་ཁམས་དེ་ནི། དེ་བཞིན་གཤེགས་པས་ཆེས་མང་བར་གསུངས་ཀྱི། སའི་ཁམས་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་དེ་དག་ཐམས་ཅད་བསྐལ་པ་བྱེ་བ་མཐའ