| e-texts navigator |
| Wylie |
301a1 དེ་ནས་འཁོར་དེའི་ནང་ནས་ལྷ་དང་། མྱི་དང་། སྐྱེ་དཀུའི་སྲོག་ཆགས་བྱེ་བ་ཕྲག་དཀུ་བཅུ་རྩ་དྲུག་གིས་མགྲིན་གཅིག་ཏུ་སྨྲས་པ། ཀང་དག་མ་བྱོན་པ་དེ་དག་དང་། གང་དག་ད་ལྟར་བཞུགས
301a2 པ་འཚོ་ཞིང་གཞེས་པ་དེ་དག་དང་། ཕྱོགས་བཅུ་ན་གང་དག་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཕྱར། འཚལ་ལོ།། དེ་དག་གི་མཚན་གང་ལགས་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་།། ཚིག
301a3 འདི་སྐད་ཅེས་ཀྱང་སྨྲས་ཏེ། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་འཚོགས་པ་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་སྨྲས་སོ།། དེ་དག་ཀྱང་བཅོམ་ལྡན་འདས
301a4 ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་བཅུ་རྩ་བཞི་ནི་ཆོས་རྣམས་ལ་ཆོས་ཀྱི་མྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་རྣམས
301a5 པར་དག་གོ།། དགེ་སློང་བདུན་སྟོང་ནི་ལེནད་པ་མྱེད་པར་ཟག། པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། དེ་ནས་དེའི་ཚེ་བྱ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང
301a6 ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་པས། ཐམས་ཅད་དང་ལྡན་པའི་འཁོར་གིས་ཕྱོགས་བཅུ
301a7 ན། བཅོམ་ལྡན་འདས་དཔག་ཏུ་བྱེད་གྲངས་མྱེད་པ་དག་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་པ་མཐོང་བ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས་སོ།།
301a8 མཐོང་ནས་ཀྱང་ཚིག་འདི་སྐད་འཛིནད་ཏོ།། བཅོམ་ལྡན་འདས་ཅི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་གཉིས། སངས་རྒྱས་བཅོམ་ལྡན་འདས་དག་གིས་ལེགས་པར་ཡོངས་སུ་བཟུང་བ་ལས
301a9 སྟེ། འདི་ལྟར་སྐྱེས་བུ་དམ་པ་འདི་གཉིས་སངས་རྒྱས་བཅོམ་ལྡན་འདས་འདི་སྙེད་ཅིག་གིས་ལུང་སྟོནད་པ་ནི། ངོ་མཚརྡ་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པད་མའི་དཔལ་ཀི་སྙིང་པོས