| e-texts navigator |
| Wylie |
300b1 བླ་ན་མྱེད་པ། ལྷ་དང་མྱི་རྣམས་ཀྱི་སྟོནད་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཤི་ནད་ཏུ་གནས་པའི་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་དེ
300b2 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་གཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ།། དེའི་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་དང་། སྣང་བ་ཕུན་སུམ་ཚོགས
300b3 པ་ཅི་འདྲ་བ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཤི་ནད་ཏུ་གནས་པ། ནོར་བུ་བརྩེགས་པའི་རྒྱལ་པོ་དེའི་ཡང་དེ་དང་འདྲ་བར་འགྱུར་ཏེ། ལྷག་ཆད་མྱེད་ཅིང་ཤི་ནད་ཏུ་སྐྲག་པ་མྱེད་པར་འགྱུར
300b4 རོ།། ཚེའི་ཡུན་དང་དམ་པའི་ཆོས་གནས་པ་ཡང་དེ་སྲིད་དུ་འགྱུར་རོ།། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཀཔལ་ལ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་ཀུན
300b5 ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཤིནད་ཏུ་གནས་པ་ནོར་བུ་བརྩེགས་པའི་རྒྱལ་པོ་དེའི་མཚན་ཐོས་པ། དེ་དག
300b6 ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་འགྱུར་རོ།། པད་མའི་དཔལ་ཀི་སྙིངཔོ་བུད་མྱེད་ཀ་ལ་ལས། བཅོམ་ལྡན་འདས་དེ་བཞིན
300b7 གཤེགས་པ་ཀ་སེར་འོད་སེར་ཀེའི་རྣམ་པར་རོལྡ་པའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དང་། མ་འོངས་པ་དེ་གཉིས་ཀྱི་མཚན་ཐོས་ན། དེ་བུད་མྱེད་ཀྱི་རང་བཞིན་ལས་འགྱུར་རོ།། བསྐལ
300b8 པ་བྱེ་བ་ཕྲག་བཞི་བཅུར་འཁོར་བ་བརྙིལ་བར་འགྱུར་རོ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་འགྱུར། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན
300b9 ལ་བསྙེན་བཀུར་བྱེད་པ་དང་མྱི་འབྲལ་བར་འགྱུར། ཚེ་རྗེས་ནས་ཀྱང་རབ་ཏུ་འབྱུང་བ་འཐོབ་པར་འགྱུར། ཚེ་རབས་དྲན་པ་དང་། སྤོབས་པ་ཐོགས་པ་མྱེད་པར་འགྱུར་རོ།། གཟུངས་ཀྱང་འཐོབ་པར་འགྱུར་རོ།།