| e-texts navigator |
| Wylie |
300a1 རིགས་ཀྱི་བུ་ད་ལྟར་བཅོམ་ལྡན་འདས་འོད་དཔག་མྱེད་ཀྱི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཇི་སྙེད་པ་དེ་དག་ཐམས་ཅད་བསྡུས་ཀྱང་། བཅོམ་ལྡན་འདས།།
300a2 དེ་བཞིན་གཤེགས་པ་འོད་གཟེར་ཀུན་ནས་འཕགས་པའི་དཔལ་རྩེགས་རྒྱལ་པོ་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་གི་བརྒྱའི་ཆར་ཡང་ཉེ་བར་མྱི་ཆོག་སྟེ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང
300a3 དཔེའ་དང་། རྒྱུར་ཡང་མྱི་བཟོད་དོ།། དེའི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ།། དེའི་དམ་པའི་ཆོས་ནི་བསྐལ་པ་བྱེ་བ་དྲུག་བཅུ་རྩ་གསུམ་དུ་གནས་པར་འགྱུར་རོ།། །
300a4 དེ་སྐད་ཅེས་བཀའ་སྩ་ལད་པ་དང་། བཅོམ་ལྡན་འདས་ལ་བྱུང་ཆུབ་སེམས་དཔའ་པད་མའི་དཔལ་གི་སྙིང་པོས་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གི་ཁམས
300a5 དེའི་མྱ་ཡང་བདེ་བ་ཅན་ཞེས་བགྱི་བར་འགྱུར་རམ། བཙ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། འཇིག་རྟེན་གི་ཁམས་དེ་ནི་རིན་ཆེན་ཀུན་ནས
300a6 བསྩགས་པ་ཞེས་བྱ་བར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་འོད་གཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོའི་ཚེ་ཇི་སྲིད་གནས་པ་ནས་བཟུང་སྟེ།
300a7 ཡོངས་སུ་མྱ་ངན་ལས་འདས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་མཆོད་པར་བྱེད་པར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་འདས་ནས་དེའི་དམ་པའི་ཆོས་འཛིན་པར་འགྱུར་ཏེ། དམ་པའི་ཆོས་ཡུན་རིང
300a8 པོར་གནས་པར་བྱ་བའི་ཕྱིར་སྤྲོ་བར་འགྱུར་རོ།། ཕྱི་མའི་དུས་སུ་མེངས་པའི་ཆོ་ནུས་ནས། སངས་རྒྱས་ཀྱི་ཞིང་དེ་བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱབ
300a9 འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེནད་པ། སྐྱེས་བུ་འདུསལ་བའི་ཁ་ལོ་བསྒྱུར་བ