| e-texts navigator |
| Wylie |
9b1 གཤེགས་པ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་དང་། དེ་དག་ལ་ཡོཆགས་པ་འོག་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཀའ་ཀླུང་གི་བྱེ་མ་སྙེད་དག། རང་རང་གི། སངས་རྒྱས་ཀྱི་ཞིང་རྣམས་ལྗགས་ཀྱི་དབང
9b2 པོས་ཁེབས་པར་མཛད་དེ། ཁྱེད་ཅག་ཡོན་ཏན་བསམ་གྱིས་མྱི་ཁྱབ་པ་ཡོངས་སུ་བརྗོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཆོས་ཀྱི་ནམ་གྲངས་འདིས་མེད་ཆེས་པར་གྱིས་ཤིག་ཅེས་གསུང
9b3 བ་མཛད་དོ།། དེ་བཞིན་དུ་སྟེང་གི་ཕྱོགས་ན་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ཤེས་བྱ་བ་དང་། དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སྤོས་མཆོག་ཅེས་བྱ་བ་དང
9b4 དེ་བཞིན་གཤེགས་པ་སྤོས་འོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་སྤོས་ཀྱི་ཕུང་པོ་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཏོག་ཤི་ནད་ཏུ་རྒྱས་པའི་རིགས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ས་ལའི
9b5 དབང་པོའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་རིན་ཆེན། ཨུད་པ་ལའི་དཔལ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་མཐོ། ང་བ་དོན་ཡོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་རི་ར་བ་ལྟ་བུ
9b6 ཞེས་བྱ་བ་དང་། དེ་དག་ལས་སྩོགས་པ་སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཀའི་ཀླུང་གི་བྱེ་མ་སྙེད་དག། 8རང་གི་སངས་རྒྱས་ཀྱི་ཞིང་རྣམས་སྔགས་ཀྱི་དབང་པོས་ཁྱེབས་པ
9b7 མཛད་དེ། ཁྱེད་ཅག་ཡོན་ཏན་བསམ་གིས་མྱི་ཁྱབ་པ་ཡོངས་སུ་བརྗོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་པར་གྱིས་ཤིག་ཅེས་གསུང་བ་མཛད་དོ།། ཤ་རིའི་བུ
9b8 འདི་ཇི་སྙམ་དུ་སེམས། ཅིའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ་ཞེས་བྱ་ཞེ་ན། ཤ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་དང་། སངས
9b9 རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཐོས་པར་གྱུར་པ་དང་། ཐོས་པ་དང་། ཟོས་པར་འགྱུར་བ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར་རོ།། ཤ་རིའི་བུ་སེཾས