e-texts navigator
Collection
Volume
Page
Wylie

9a1 ཤིག་ཅེས་གསུང་བམཛད་དོ།། དེ་བཞིན་དུ་ནུལ་ཕྱོགས་ན། དེ་བཞིན་གཤེགས་པ་ཆེ་དཔག་མྱེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་ཕུང་པོ་དཔག་མྱེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་རྒྱལ་མཚན
9a2 དཔག་མྱེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་འོད་ཅེ་ན་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་འོད་ཟེར་སྣང་བ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་ཆེན་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་འོད
9a3 གཟེར་དག་པ་ཞེས་བྱ་བ་དང་། དེ་དག་ལ་གཙོགས་པ་ནུབ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་དག། རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་ལྗགས་ཀྱི་དབང་པོས་ཕྱེབས་པར་མཛད་དེ། ཁྱེད
9a4 ཅག་ཡོན་ཏན་བསམ་གྱིས་མྱི་ཁྱབ་པ་ཡོངས་སུ་བརྗོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་པར་གྱིས་ཤིག་ཅེས་གསུང་བ་མཛད་དོ།། དེ་བཞིན་དུ་བྱང
9a5 ཕྱོགས་ན་དེ་བཞིན་གཤེགས་པ་འོད་འཕྲོ་འི་ཕུང་པོ་ཆེན་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་སྒྲོལ་བའི་དབྱངས་ཞེས་བྱ་བ་ད། ད་དེ་བཞིན་གཤེགས་པ་རབ་ཏུ་ཐུལ་དཀའ་ཞེས་བྱ་བ་དང་།
9a6 དེ་བཞིན་གཤེགས་པ་ཉི་མ་འབྱུང་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དྲ་བ་ཅན་གྱི་འོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་འོད་ཀྱི་འབྱུང་གནས་ཞེས་བྱ་བ་དང་། དེ་དག་ལས་མཚོགས་པ་བྱང་ཕྱོགས
9a7 ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་དག། རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་ལྗགས་ཀྱི་དབང་པོས་ཁྱེབས་པར་མཛད་དེ། ཁྱེད་ཅག་ཡོན་ཏན་བསམ་གྱིས་མྱི་ཁྱབ་པ་ཡོངས་སུ་བརྗོད་པ
9a8 སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་པར་གྱིས་ཤིག་ཅེས་གསུང་བ་མཛད་དོ།། དེ་བཞིན་དུ་འོག་གི་ཕྱོགས་ན། དེ་བཞིན་གཤེགས་པ་སེང་གེ་ཞེས་བྱ་བ་དང་།
9a9 དེ་བཞིན་གཤེགས་པ་གྲགས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲགས་འོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་ཆོས་ཤེས་བྱ་བ་དང་། དེ་བཞིན་གཤེགས་པ་ཆོས་འཛིན་ཅེས་བྱ་བ་དང་། དེ་བཞིན




iiif viewer powered by OpenSeadragon

8b - 9b

Texts on this page

Ng2.2 - 'phags pa bde ba can gyi bkod pa zhes bya ba theg pa chen po'i mdo