| e-texts navigator |
| Wylie |
8b1 སེམས་དཔའི་ཚོགས་ཀྱིས་མདུན་ཀྱིས་བལྟས་པའི་མདུད་ན་བཞུགས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མྱེད་དེའི། སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། ཤ་རིའི
8b2 བུ་དེ་བས་ན་དོན་གྱི་དབང་དེ་མཐོང་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས། སངས་རྒྱས་ཀྱི་ཞིང་དེར་གུས་པར་སྨོན་ལམ་གདབ་པར་བྱའོ་ཞེས་དེ་སྐད་བཤད་དོ།། ཤ་རིའི་བུ་ཇི་ལྟར་དེ་བཞིན་གཤེགས་པ་ངས་ད་ལྟར་ཡོངས
8b3 སུ་བརྗོད་པ་དེ་བཞིན་དུ། ཤཱ་རིའི་བུ་ཤར་ཕྱོགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱི་འཁྲུགས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ལྷུན་པོའི་རྒྱལ་མཚན་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ལྷུན་པོ་ཞེས་བྱ
8b4 བ་དང་། དེ་བཞིན་གཤེགས་པ་ལྷུན་པོ་ཆེན་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ལྷུན་པོར་སྡང་བ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་འཇམ་སྒྲ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་འཇམ་དབྱངས་ཞེས་བྱ་བ་དང་།
8b5 དེ་དག་ལ་སྩོགས་པ་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཀའི་ཀླུང་གི་བྱེ་མ་སྙེད་དག་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སྡུག། ས་ཀྱི་དབང་པོས་ཁེབས་པར་མཛད་དེ། ཁྱེད་ཅག་ཡོན་ཏན་བསམ
8b6 ཀྱིས་མྱི་ཁྱབ་པ་ཡོངས་སུ་བརྗོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་པར་གྱིས་ཤིག་ཅེས་གསུང་བ་མཛད་དོ།། དེ་བཞིན་དུ་ལྷོ་ཕྱོགས་ན་དེ་བཞིན
8b7 གཤེགས་པ་ཉི་ཟླའི་སྒྲོན་མ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲགས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲགས་པའི་འོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་འོད་འཕྲོའི་ཕུང་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས
8b8 པ་ལྷུན་པོའི་སྒྲོན་མ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡཱ་ཏྲེ་བྱ་བ་དང་། དེ་དག་ལ་སོསོགས་པ་ལྷོ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་མ་སྙེད་དག། རང་རང་གི་སངས་རྒྱས་ཀྱི
8b9 ཞིང་རྣམས་སྔགས་ཀྱི་དབང་པོས་ཁེབས་པར་མཛད་དེ། ཁྱེད་ཅག་ཡོན་ཏན་བསམ་གྱིས་མྱི་ཁྱབ་པ་ཡོངས་སུ་བརྗོད་པ་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་པར་གྱིས།