| e-texts navigator |
| Wylie |
6a1 མྱི་འགྱུར།། དེ་ཕྱིར་འདི་དག་བདག་ཉིད་ཆེ།། འདོད་ཅིང་བདག་ལ་ལེགས་འདོད་པས།། སངས་རྒྱས་བསྟན་ད་པ་དྲན་བཞིན་དུ།། དྲན་པའི་ཆོས་ལ་གུས་པར་བྱ།། འཕགས་པ་བྱམས་པ
6a2 ལུང་བསྟནད་པ། རྫོགས་སྷོ།། །། @#། རྒྱ་གར་སྐད་དུ། ཨརྱ་སུ་ཁཱ་པ་ཏཾ་བྱཱ་ཧ་ན་མ་མ་ཧ་ཡཱ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་བདེ་བ་ཅན་གྱི་བཀོད་པ་ཞེས
6a3 བྱ་བ་ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཏུ་ཡོད་པ་ན། རྒྱལ་བུ་རྒྱལ
6a4 བྱེད་ཀྱི་ཚལ་མགོན་མྱེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་གནས་བརྟན་ཉན་ཐོས་ཆེན་པོ་དགྲ་བཅོམ་པ་ཤ་སྟག་ལ་འདི་ལྟ་སྟེ། གནས་བརྟན་ཤ
6a5 རིའི་བུ་དང་། མེའུ་དཀལ་གྱི་བུ་ཆེན་པོ་དང་། འོད་སྲུང་ཆེན་པོ་དང་། ཀ་ཏྱའི་བུ་ཆེན་པོ་དང་། ཀ་བྱི་ན་ཆེན་པོ་དང་། གསུས་པོ་ཆེ་དང་། ནམ་གྲུ་དང་། ལམ་བསྟན་བླུན་པོ་དང་། དགའ་བོ་དང་། ཀུན
6a6 དཀའ་བོ་དང་། དགྲ་ག་ཅན་ཟིན་དང་། བ་ལང་བདག་དང་། བ་ར་དཱ་ཛ་དང་། འཆར་བྱེད་ནག་པོ་དང་། བ་ཀུ་ལ་དང་། མ་འགགས་པ་ད་པ། དེ་དག་དང་། ཉན་ཐོས་ཆེན་པོ་གཞན་དག་དང་། བྱང་ཆུབ
6a7 སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་ལྟ་སྟེ། འཇམ་དཔལ་གཞོ་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་འཕམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང
6a8 པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྩོན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་པ་མྱི་འདོར་དང་། དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་མང་པོ
6a9 དག་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མྱེ་མཇེད་ཀྱི་བདག་པོ་ཚངས་པ་དང་། དེ་དག་དང་སྭ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་གཞན་དག་དང་ཡང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས