e-texts navigator
Collection
Volume
Page
Wylie

47a1 མྱི་དགེ་བའི་ཆོས་ཐམས་ཅད་སྤང་བའོ།། སྟོད་པ་ནི་དགེ་བའི་ཆོས་ཐམས་ཅད་སྟོང་པའོ།། བསྟེན་པ་ནི་འཕགས་པའི་ལམ་མོ།། སྤངས་པ་ནི་མྱི་དགེ་བའི་ཕྱོགས་ཀྱི་ལམ་ཐམས་ཅད་དེ། དེ་ནི་ཚུལ་ལོ།།
47a2 རིགས་ཀྱི་བུ་དག་དེ་ལྟ་བས་ན་གྲོང་དང་གྲོང་ཁྱེར་དང་། ཡུལ་དང་ཕོ་བྲང་འཁོར་དག་ཏུ་ནི། བསམ་གཏན་གྱི་སྟོབས་སྟོན་ཅིག། དགོན་པ་དང་བས་མཐའ་རྣམས་སུ་ནི་ཉོན་མོངས་པ་ཆུང་བར་སྟོན་ཅིག། གསོལ་པ། བཅོམ
47a3 ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་རྣམས་སུ་བསམ་གཏན་གྱི་སྟོབས་སྟོནད་པ་ལགས། ཇི་ལྟར་ན་དགོན་པ་དང་བས་མཐའ་རྣམས་སུ་ཉོན་མོངས་པ་ཆུང་བར
47a4 སྟོནད་པ་ལགས། བཀའ་སཎ་ལད་པ། གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་ཕྱི་ནད་པ་ན་གཟུགས་དང་། སྒྲ་དང་། དཱི་དང་། རོ་དང་། རེག་བྱ་རགས་པ་དག་སྣང་བར་འགྱུར་ཏེ། དེ
47a5 དག་ནི་བསམ་གཏན་གྱི་སྟོབས་ཀྱིས་གནན་པར་བྱའོ།། དགོན་པ། དང་བས་མཐའ་རྣམས་ན་འདུག་པོའི་ཚེ། ཉོན་མོངས་པ་གང་དག་སྐྱེ་བར་འགྱུར་བ་དེ་དག་ནི། དབེན་པའི་ཡོན་ཏན་གྱིས་གནན་པར་བྱ་སྟེ།
47a6 དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆུའི་ནང་ན་ཡང་འདུག་པར་གྱིས་ཤིག། རྟག་པར་སྐོམ་པར་ཡང་གྱིས་ཤིག། སྐོམ་པ་ཡང་སོལ་ཅིག། སྐོམ་པ་མྱེད་པར་ཡང་མ་བྱེད་ཅིག། གསོལ་པ
47a7 བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆབ་ཀྱི་ནང་ན་ས་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་སྐོམ་པ་ལགས། ཇི་ལྟར་ན་སྐོམ་པ་བསལ་བ་ལགས། ཇི་ལྟར་ན་སྐོམ་པ་མ་མཆིས་པར་མྱི་བགྱིད་པ་ལ་ག
47a8 བཀའ་སྩལ་ད་པ། ཆུའི་ནང་ན་འདུག་པར་བྱ་བ་ནི་ཆོས་ཀྱི་ཚུལ་གནས་པར་བྱའོ།། རྟག་པར་སྒོམ་པར་བྱ་བ་ནི་ཆོས་ཀྱིས་སྐོམ་པར་བྱའོ།། སྐོམ་པ་བསལ་བ་ནི་ཆོས་ཀྱིས་ཆོས་ཀྱི་བྱ་བ་སྒྲུབ་པའོ།། སྐོམ་པ་མྱེད
47a9 པར་མྱི་བྱ་བ་ནི་འདུས་མ་བྱས་སུ་ལྷུང་བར་མྱི་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གཅིག་པུ་གྲོགས་མྱེད་པར་ཡང་ཀྱིས་ཤིཀ། གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པར་ཡང་ཀྱིས




iiif viewer powered by OpenSeadragon

46'b - 47b

Texts on this page

Ng2.5 - 'phags pa chos kyi tshul zhes bya ba theg pa chen po'i mdo