e-texts navigator
Collection
Volume
Page
Wylie

36b1 འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་རྩི་ལགས། མི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་མཿལད་པ། ཀུན་དཀའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ
36b2 གྲངས་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བར་ཡང་ཟུང་ཤིག། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དམ་བཅས་པ
36b3 ཞེས་བྱ་བམ་ཡང་ཟུང་ཞིག། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ཞིང་། རབ་ཐམས་ཅད་ཡོངས་སུ་སྤོང་བ་ཞེས་བྱ་བ་ཡང་ཟུང་ཞིག། གནོད་སྦྱིན་ཀྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱིས་དམ་བཅས་པ་ཞེས་བྱ་བ
36b4 ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སལྡ་ནས། འཇམ་དཔལ་གཞོ་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས
36b5 ཅད་དང་ལྡན་པའི་འཁོད་དང་། ལྷ་དང་། མྱི་དང་། ལྷ་མ་ཡིན།། དང་། དྲི་ཟར་བཅས་པའི་འཇིག་རྟེན་མོ་རངས་སྟེ། བཅོམ་ལྡ། ན་འདས་ཀྱིས་གསུངས་པས་མངོན་པར་བསྟོད་དོ།།
36b6 འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བརྒྱད་བརྒྱ་པ། རྫོགས་སྷོ།།
36b7 རྒྱ་གར་གྱི་མཁན་པོ་འཛིན་མྱོ་ཏྲ་དང་། ཞུ་ཆེན་གྱི་སོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུརྡ་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།
36b8 རྒྱ་གར་སྐད་དུ། ཨཱརྱ་དཱ་མ་ནེ་ཏྲི་ནཱ་མ་མ་ག་ས་ན། སུ་ཥཱ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
36b9 ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོང་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན། སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་ན་བཞུགས་ཏེ།




iiif viewer powered by OpenSeadragon

36a - 37a

Texts on this page

Ng2.4 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo
Ng2.5 - 'phags pa chos kyi tshul zhes bya ba theg pa chen po'i mdo