| e-texts navigator |
| Wylie |
327b1 སྤུན་སྔར་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས།། བཅོམ་ལྡན་འདས་ལ།། བྱང་བཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨནད་ཀྱི་སྡེས་འདི་སྐད་ཅེས་གསོལ་ངོ་ཏོ།། བཅོམ་ལྡན་འདས་ནམ་མཁའ་བར་སྣང་ལ། གཟུཿ
327b2 ནག་པོ་དྲང་། གཟུགས་དམར་པོ་གདའ་བཅི་ལགས།། བཀའ་སྩལ་ད་པ། སྲནད་ཀྱི་སྡེ་བར་སྔང་ལ་གཟུགས་དག་པོ་དང་། གཟུགས་དམར་པོ་འདི་མཐོང་བ་འང་ཅི་ཡིན།། མྱི་གེས་ལ་མེད། དེ་བཞིན་གཤེགས་པས་ནི་མཁྱེནད་ཏེ།
327b3 སྨན་གྱི་སྡེ་འདི་ནི་བདུད་ཡིན་ནོ།། སྨནད་ཀྱི་སྡེ་མཐོང་བར་འདོད་དམ།། གསོལ་པ། བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། བདེ་བར་གཤེགས་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྨནད་ཀྱི་སྡེ་བྱ
327b4 ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་བ་ཕྲག་བརྒྱའི་བྱེ་མ་དང་མཉམ་པ་འདི་ལྟ་བུ་ལགས་སོ།། གསོལ་དམ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་ལྷགས་པའི་རྒྱུ་གང་ལགས། རྐྱེར་ངདཀང་ལགས
327b5 བཀའ་སྩལ་པ། སྨནད་ཀྱི་སྡེ་སེམས་ཅན་གཞོ་ནུ་རྣམས་ཀྱི་རྐྱེ་ནད་ཀྱི་ས་སྟེ། སེམས་ཅན་ཐམས་ཅད་བསམ་གཏན་གི་ཆོས་དང་ལྔ་ན་བར་འགྱུར་རོ།། སྨན་ཀྱི་སྡེ་ཁྱོད་ཀྱིས་སེམས་ཅན་གཟུགས
327b6 སྣ་ཚོགས་འདིར་ལྤགས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་ཀྱིབས་སྣ་ཚོགས་ཀྱིས་འདིར་ལྡུགས་པ་དག་མཐོང་ངམ།། གསོ་ལད་པ་བདག་གིས་ནི་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི
327b7 ཀྲུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་དང་བྱང་ཆུབ་སེམས་དཔའ་གང་གའི་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྐྱོང་གི་བྱེ་མ་སྙེད་ཅིག། རྫུ་འཕྲུལ་གྱི་མཐུས་གནས་ཏེ། གཟུགས་སྣ་ཚོགས། ཁ་དོག་སྣ་ཚོགས་དབྱིབས་ན
327b8 ཚོགས་པ་དག་གནས་ལ།། བྱང་ཆུབ་སེམས་དཔའ་དེ་དག་འཕགས་པའི་ཆོས་ཀྱི་གནས་ལ་གནས་ཏེ།། བྱང་ཆུབ་སེམས་དཔའ་དེ་དག་འཁོར་དང་བཅས་ནས། ཆོས་ཀྱི་གནས་ལ་གནས་པ་མཐོང་ངོ་།། བཅོམ
327b9 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨནད་ཀྱི་སྡེ་དང་། བྱང་ཆུབ་སེམས་དཔའ་གས་མ་རུང་དེ་དག་ཀུན