e-texts navigator
Collection
Volume
Page
Wylie

327a1 ཏེ།། དེང་ཆོས་ཀྱི་ཆེ་ཆེན་པོའི་སྒྲ་འབྱིནད་པར་འགྱུར།། དེ་ས་ཆོས་ཆེན་པོའི་རྣམ་པ་དང་ལྡན་པར་འགྱུརརོ།། སྨནད་ཀྱི་སྡེ་ཁང་པ་བརྩེགས་པ་འདི་དག་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ།། བདེ
327a2 པར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྨནད་ཀྱི་སྡེ་དེང་ཉིད་སེམས་ཅན་གཞོན་ནུ་འདི་དག་འང་པ་བརྩེགས་པ་དེ་དག་གི་ནང་དུ་ཞུགས་ནས། ཆོས་མངོན་པར་རྟོགས་པ་འཐོབ་པ
327a3 འགྱུར་རོ།། དེང་ཉིད་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འགྱུར་རོ།། དེང་ཆོས་ཀྱི་རྔ་ཆེན་པོ་རྡུང་བར་འགྱུར་ཏེ།། ལྷའི་རིས་དུ་མ་ཞིག་དང་ཆོས་མངོན་པར་རྟོགས་པ་འཐོབ་པར་བྱེད་པར་འགྱུར་རོ།། སེམས་ཅན
327a4 དམྱལ་བ་པའི་སེམས་ཅན་ལོག་པར་ལྟུང་བ་ལ་གནས་པ་མང་པོ་དག་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་བསྟནད་པ་ཟོས་ནས། འཁོར་བ་བསྙིལ་ཏེ། རྒྱལ་བར་འགྱུར་རོ།། དེའི་ཚེ་སེམས་ཅན་རྒན་པོ་བྱེ་བ་སྟོང་ཕྲག་དགུ
327a5 བཅུའི་བར་གྱིས།། རྒྱུ་ནད་ཏུ་ཞུགས་པའི་འབྲས་བུ་ཐོབ་སྟེ།། དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པར་འགྱུར་རོ།། སྨནད་ཀྱི་སྡེ་དེ་དག་ཟ། མས་ཅད་ནི་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར།
327a6 སྨན་ཀྱི་སྡེ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་སྒྲུབ་པར་འགྱུར་རོ།། སྨནད་ཀྱི་སྡེ་དེ་དག་ཐམས་ཅད་ནི་ཆོས་ཆེན་པོའི་སྒྲ་དང་ལྡན་བར་འགྱུར་རོ།། སྨནད་ཀྱི་སྡེ་ཕྱོགས་བཞིར་ལྟོས་ཤིག། བྱང་ཆུབ
327a7 སེམས་དཔའ་སེམས་དཔའ་ཆེན་པོ་སྨན་ཀྱི་སྡེས་ཕྱོགས་བཞི་ཀུ་ནད་ཏུ་བལྟས་པ་དང་། ཤརང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་བ་ཕྲག་ལྔ་བཅུའི་བྱེ་མ་སྙེད་འོང་།། ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔ
327a8 གང་གིའི་ཀླུང་བྱེ་བ་ཕྲག་དགུ་ཅུའི་བྱེ་མ་སྙེད་འོང་།། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བདུན་ཅུའི་བྱེ་མ་སྙེད་འོང་།། བྱང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱད་ཅུའི་བྱེ་མ་སྙེད་འོང་།
327a9 འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའ་ཀླུང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འོང་།། སྟེང་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱད་ཅུའི་བྱེ་མ་སྙེད་འོང་སྟེ།། དེ་དག་ལྷགས་ནས། བཅོམ་ལྡན་འདས་ཀྱི




iiif viewer powered by OpenSeadragon

326b - 327b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs