| e-texts navigator |
| Wylie |
324b1 མྱི་བཟད་པ།། གང་གིས་བློ་མྱེད་འཁྱམ་པའི།། གཏི་མུག་ནད་ནི་ཆེ་ཞིང་དྲག། སེམས་དམྱལ་དེ་བཞིན་བདེ་འགྲོ་དང་།། ཡི་དགས་རྣམས་དང་སེམས་ཅན་འགྲོ།། བྱིས་པ་འདི་དག་ཞེ་སྡང་ཟིནད།། དེ་དག་ཇི་ལྟར་ཞི་བར་འགྱུར།། དེ་དག་གིས
324b2 སྨྲས་པ།། དགེ་བའི་ཆོས་ནི་འདི་ཟོས་པས།། བདག་ཅག་སྡུག་བསྔལ་ཀུན་ལས་གྲོལ།། བྱིས་པ་བློ་ནི་མྱོ་ཤེས་པ།། སྡུག་བསྔལ་ཀུན་ལས་གྲོལ་ནས་ཀྱང་།། སྡིག་པའི་ལས་ནི་རྣམ་སྤངས་ཏེ།། བདག་ཅག་ཆོས་ཀྱི་སྤྱན་པ་ཉན།། སྡིག་པ
324b3 ཐམས་ཅད་རྣམ་སྤངས་ནས།། འཇིགས་པ་མྱི་བཟད་རྣམས་ཀྱང་སྤངས།། ནད་རྣམས་ཐམས་ཅད་ཞི་བྱེད་པ།། སྨིནད་པའི་རྒྱལ་པོ་སྨནད་པ་ཆེ།། སྡུག་བསྔལ་བ་རྣམས་གསོ་བྱེད་པ།། ཡང་དག་སངས་རྒྱས་མྱུ་ར་ཏུ་བལྟ།། དེ
324b4 བཞིན་གཤེགས་ལ་ཕྱག་བྱ་ཕྱིར།། གནས་བརྟན་ཁྱོད་ནི་མྱུར་དུ་བཞུད།། ཕྱག་བྱས་བདག་ཅག་རྣམས་ཀྱི་ཚིག། འཇིག་རྟེན་རྣམ་པར་འདྲེན་ལ་ག་སུངས།། ནད་འདི་རབ་ཏུ་ཞི་བར་མཛོད།། ལུས་འདི་ཐམས་ཅད་རབ
324b5 འབར་ཏེ།། ཚིག་ཅིང་ཞི་བ་མྱེད་པ་ཡི།། མྱི་བཟད་མྱེ་ནི་ཞི་བར་མཛོད།། ལུས་ཀྱི་ཁུར་ནི་ཁུར་པོ་ཆེ།། ཤིན་ཏུ་མྱི་བཟད་རྣོ་བའི་ཁུར།། སྡུག་བསྔལ་གཟིར་ད་པ་བདག་ཅག་ལ།། བརྟུལ་ཞུགས་དམ་པ་ཐུགས་རྗེ
324b6 མཛོད།། སྐྱེ་བོ་རྟག་ཏུ་ཞེ་སྡང་དང་།། གཏི་མུག་གནོད་པའི་ཁུར་ཁྱེ་རད་ཏེ།། ཁུར་ལས་ཐ་རད་པ་མྱི་ཤེས་པ།། དེ་དག་ཡང་དང་ཡང་ཁུར་ཁྱེར།། ཐ་རད་པའི་ལམ་ན་མྱེ་ཤེས་ཤིང་།། ཐ་རད་པའི་ལམ་ནི་མ་མཐོང་རྣམས།། འཆི་བའི་རྣ་པར
324b7 ཤེས་མོད་ཀྱི།། འོན་ཀྱང་འཇིགས་པ་མྱི་སྐྱེད་དོ།། བདག་ཅག་ལ་ནི་ནམ་དུ་ཡང་།། འཆི་བ་མྱེད་སྙམ་བདེ་བར་གནས།། ཀུནད་ཏུ་འཁྲུལ་པས་མ་ཤི་བ།། མཐོང་ཡང་རྣམ་པར་མྱི་ཤེས་སོ།། དེ་དག་པ་ཡང་མྱི་དྲན་ཏེ།། ནད་ཀྱིས
324b8 ཀྱང་ནི་རྟག་གཟེར་ཅིང་།། ཉོན་མོངས་ལས་ཀྱིས་རབ་དཀྲུགས་ནས།། ཇི་ལྟར་ཁ་ཟས་ཟ་བར་འགྱུར།། སྡུག་བསྔལ་ཉམ་ཐག་མྱི་ཤེས་ཏེ།། བདག་ཅག་ངལ་བ་དོན་མྱེད་དོ།། ཁྱེད་ཀྱི་སྡུག་བསྔལ་འདི་འདྲ་བ།། མ་རིག་གཞི་ལས་སྐྱེས
324b9 བའོ།། འདུ་ཤེས་འདུ་བྱེད་ཚོར་བ་རྣམས།། འཇིགས་ཆེན་ལྕི་བའི་ཁུར་ཡིན་ནོ།། གང་ཆོས་རྣམ་པར་མྱ་ཤེས་པ།། བྱིས་པ་སྲེད་པས་རབ་ཏུ་འཁྱམ།། ལུས་ཀྱི་ཁུར་གིས་བསྐོར་ད་བ་ནི།། འཇིག་རྟེན་དུ་ཡང་དོན་མྱེད་སྐྱེས།།