| e-texts navigator |
| Wylie |
324a1 གསེར་དང་དངུལ་དང་ཤེལ་དག་དང་།། ལོངས་འཔྱོད་ཐམས་ཅད་བདག་གིས་དབུལ།། བདག་ནི་བྲན་དུའང་འགྱུར་བར་བྱ།། བྲན་གི་ཚུལ་ཏུ་གང་གྱུར་པ།། ལས་རྣམས་ཐམས་ཅད་རབ་ཏུ་བྱ།། རྒྱལ་སྲིད་ལོངས་སྤྱོད
324a2 བདག་མྱི་དགོས།། ནོམ་དང་འབྲུ་ཡང་མ་ཡིན་ནོ།། རང་གི་ལུས་ནི་བདག་ལ་དགོས།། སྡིག་པ་བྱེད་པ་མྱི་འགྲོལ་ཏེ།། དེ་ལྟས་གནས་བརྟན་བདག་ཅག་ལ།། བཟའ་བ་དགོས་པ་མ་ཡིན་ནོ།། གང་དག་ཁ་བས་ཞིམ་ཟོས་པ།
324a3 རྒྱལ་པོ་རྣམས་ཀྱང་འཆི་བར་འགྱུར།། བཏུང་བ་མཆོག་ནི་འཐུངས་པ་ཡི།། ལྷའི་བུ་རྣམས་འཆི་བར་འགྱུར།། ཆོམ་མོ་གུ་རོ་ལྡན་པ།། ཟས་དང་སྐོམ་ནི་རབ་བཤམས་ཏེ།། རྒྱལ་པོའི་མདུན་དུ་བླངས་ནས་སུ།། ཁ་ཟས་ལ
324a4 ན་སྐྱེས་རེག་ནས།། རྒྱལ་པོ་རྣམས་ནི་རོལ་ཆགས།། སྡིག་པ་མྱི་ཆུང་རྣམས་ཀྱང་བྱེད།། གང་ལ་སྙིང་པོ་མྱེད་པ་ཡི།། མྱ་རྟོག་རོལ་ཆག་ས་པར་བྱེད།། བདག་ཅག་རྣམས་ལ་སྐོམ་མྱི་དགོས།། བཟའ་བ་དག
324a5 ཀྱང་དགོས་མ་ཡིན།། བདག་ཅག་སྡུག་བསྔལ་གང་གྲོལ་བ།། ཆོས་ཉི། ད་དེ་འདྲ་དགོས་པ་ཡིན།། སྲེད་པའི་བཅིངས་ལས་རབ་གྲོལ་ཞིང་།། སྲེད་པའི་ཉོན་མོངས་རྣམ་ཐར་ཏེ།། བཅིངས་པ་ཀུན་ལས་རབ་གྲོལ
324a6 བའི།། སངས་རྒྱས་དེ་ལ་སྐྱབས་སུ་དོང་།། དྲང་སྲོང་ཆེན་པོ་འཇིགས་དེ་གོན་ལ།། བདག་ཅག་རྣམས་ནི་སྐྱབས་སུ་འདོང་།། སེམས་ཅན་རྣམ་ས་ཀྱིས་མཐོང་དཀའ་ལ།། ཕྱག་འཚལ་ཕྱིར་ནི་བདག་ཅག་འདོད།།
324a7 ཁྱོད་ཀྱི་མཚན་ནི་མ་འཚལ་ཀྱིས།། སྙནད་པའི་མཚན་ནི་སྟ་ནང་དུ་གསོལ།། སྨན་ཀྱི་སྡེས་སྨྲས་པ།། ཁྱེད་དང་སྐྱེ་བོ་ཐམས་ཅད་ཀྱང་།། དེ་བཞིན་མྱིང་ནི་ཐོས་པར་འདོད།། སེམས་ཅན་གཞོན་ནུ་བྱེ་བ་ཕྲག། སྟོང་གིས་དེ་བཞི་གཤེགས
324a8 པ་བསྐོར།། དེ་དག་གིས་སྨྲས་པ།། ཁྱོད་ནི་སངས་རྒྱས་ཉན་ཐོས་ཏེ།། མྱིང་ནི་ཟབ་པར་གྲགས་པ་ཡིན།། སྐྱེ་བོ་ཀུནད་ཀྱང་དེ་བཞིན་དུ།། ཁྱོད་ཀྱི་མྱིང་ནི་ཟོས་པར་འདོད།། སྨྲས་པ། ངའི་མྱིང་ནི་སྨན་གྱི་སྡེ།། ང་ནི་སེམས
324a9 ཅན་རྣམས་ཀྱི་སྨ་ནང་།། སྨན་རྣམས་ཀུནད་ཀྱི་དམ་པ་ནི།། ཁྱེད་ཅག་རྣམས་ལ་བཤད་པར་བྱ།། ནད་ཀུན་ཀྱིས་བཏབ་སྐྱེ་བོ་ལ།། ནད་རྣམས་ཐམས་ཅད་ཞི་བར་བྱེད།། འདོད་ཆགས་ནད་ནི་ནང་པོ་ཆེ།། འཇིག་རྟེན་འཇིག་བྱེད