| e-texts navigator |
| Wylie |
308a1 འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རབ་ཏུ་ཤེས་སོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་རབ་ཏུ་ཞེས་སོ།། གསོསད་པ། ཡེ་ཤེས་ཉིད
308a2 རྟོགས་ནས་མྱ་ངན་ལས་འདས་པ་གང་རབ་ཏུ་འཚལ་ད།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། སྨན་གྱི་སྡེ་ཆོས་རབ་ཏུ་ཤེས་སོ།། སྨནད་ཀྱི་སྡེ་དེ་བཞིན་དུ་དམ་པའི་ཆོས་བསྡུ་བ་རབ་ཏུ་ཤེས་ནས་རྙེད་པ
308a3 དང་པོ་སྐྱེའོ།། ཆོས་ཇི་ལྟར་ཐོས་པ་བཞིན་དུ་བཟུང་ནས། ཆོས་དང་ལྡན་པ་ཉིད་རྙེད་པར་འགྱུར་རོ།། སྨན་གྱི་སྡེ་འདི་ལྟ་སྟེ་དཔེར་ན། མྱི་ཆོད་པར་གྱུརྡ་པ་ལ་ལ་ཞིག་མྱི་ཞུར་སྟོང་ཀཽ་གསེར་ཁྱེར་ད་ཏེ་དེ་ཁེ་སྤོགས
308a4 ཀྱི་ཕྱིར་སོང་བ་དང་། དེའི་ཕ་མ་འདི་སྐད་སྨྲ་སྟེ། བུ་ཉོན་ཅིག། ཁུར་སྟོང་ཁྱེར་ལ་གཞན་དང་རང་གི་གསེར་ལེགས་པར་ཁྱེར་ཅིག། ཚོང་པ་དེས་གསེར་ཁྱེར་ད་ཏེ་སོང་ནས་ཟླ་བ་གཅིག་ཙམ་ལོན་པ་དང་།
308a5 ཀསེར་དེ་དག་ཐམས་ཅད་ཆུད་གཟ་ནད་ཏེ་མྱེད་པར་བྱས་ཀྱི་འོག། ཏུ་དེ་ནས་མྱི་དེས་བསམས་པ་དང་། ཤིན་ཏུ་མྱི་དགའ་ནས་སྙི། པ་ལ་མྱ་ངན་ཀྱི་ཟུག་རྔུས་ཟུག་སྟེ། དེ་ཀ་ནོད་ཞིང་པོ་ཆེ་ནས་རང་ཀྱི
308a6 ཁྱིམ་དུ་མ་སོང་བ་དང་། དེའི་ཕ་མས་ཟོས་ནས་ཡི་ཆད་དེ་སྟེ་པ་ལ་མྱ་ངན་གྱི་ཟུག་རྔུས་ནས། ཀོས་དག་ཀྱང་དྲལ་ཏེ་བུ་ངན་པ་དེ་བདག་ཅག་གི་ཁྱིམ་དུ་བུའི་གཟུགས་སུ་སྐྱེས་ནས་ཁྱིམ་སོ་ཀུན
308a7 ཀྱང་བཤིག་སྟེ། བདག་ཙཀཱ་ལ་མཁོལ་བ་མྱེད་ཅིང་སྡུག་བསྔལ་བར་བྱས་སོ།། བྲན་གྱི་ལས་བྱེད་དུ་བཅུག་ཀོ་ཞེས་དེ་སྐད་སྨྲེ་སྔགས་འདོན་ཏེ། དེའི་ཕ་མ་ཡི་ཆད་ནས་འཆི་བའི་བྱས་པ་དང་། དེ་ནས་བུ་དེས
308a8 པ་མ་བདག་ས་ཨི་ཆད་དེ་འཆི་བའི་དུས་བྱས་སོ་ཞེས་ཤེས་ནས། བུ་དེ་ས་པ་ཡི་ཆད་དེ་འཆི་བའི་དུས་བྱས་པ་དེ་བཞིན་དུ། སྤྱན་ཀྱི་སྡེ་དེ་བཞིན་གཤེགས་པས་དོན་འདི་བཤད་པ་ལ་ཡ་། གང་དག་པའི་བསྟན་པ་ལ
308a9 མྱི་དད་པ་དེ་དག་ནི་རེ་ཐག་ཆད་ནས་འཆི་བའི་དུས་ཀྱི་ཚེ། སྙིང་ལ་མྱ་ངན་ཀྱི་ཟུག་རྫུས་ཟུག་སྟེ། འཆི་བའི་དུས་བྱེད་པར་འགྱུར་རོ།། ཇི་ལྟར་ཕ་མ་དེ་དག་ཡི་ཆེད་དེ་གསེར་གྱི་ཕྱིར་མྱ་ངན་བྱེད་ཅིང་། སྙིང་ལ་མྱ་ངན་གྱི་ཟུག