e-texts navigator
Collection
Volume
Page
Wylie

307a1 པ་མཐོང་ཡང་སཱནད་ཀྱི་སྡེ་དེ་ལ་དེས་འཇིགས་པར་མྱི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་འདོད་ཆགས་དང་། ཞེ་སྡང་དང་། ཀཏི་མུག་བྲེགས་པ་ཡིན་ཏེ། བདག་ནི་འགྲོ་བ་དྲུག་ཏུ་འཁོར་བ་ལས
307a2 རྒྱལ་བ་ཡིན་ནོ་སྙམ་མོ།། དེ་སེམས་ཅན་དམྱལ་བར་གནས་པ་མ་ཡིན། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་མ་ཡིན། ལྷ་མ་ཡིན་རྣམས་ཀྱི་ནང་དུ་མ་ཡིན། ཀླུ་རྣམས་ཀྱི་ནང་དུ་མ་ཡིན། ལྷ
307a3 རྣམས་ཀྱི་ནང་དུ་མ་ཡིན། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བ་རབ་ཏུ་འཛིན་ཏོ།། སྨནད་ཀྱི་སྡེ་ཕྱི་མའི་ཚེ་ཕྱི་མའི
307a4 དུས་ན། ཀཱ་ལད་ཏེ་སེམས་ཅན་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་ཡོངས་སུ་སྔོ་བར་འགྱུར་ན། དེས་ཡིད་པ་ཆེན་པོ་བཅས་པར་བལྟ་སྟེ། བརྙས་པར་གནས་པར་གྱུར་ཀྱང་། སྨ་ནད་ཀྱི་སྡེ་དེ་ལ་དེས་སྐྱོ་བའི་སེམས
307a5 བསྐྱེད་པར་མྱི་བྱ་ཞུམ་པར་མྱི་བྱའོ།། སྨ་ནད་ཀྱི་སྡེ་ངས་ཆོས་མང་དུ་བསྟནད་ཏེ། སྨན་གྱི་སྡེ་ངས་བསྐལྡ་པ་བྱེ་བ་ཁྲག། ཁྲིག་བརྒྱ་སྟོང་དུ་མ་ཞིག་གི་བར་དུ་དཀའ་བ་སྤྱོད་པ་སྱད་ཀྱང་།
307a6 སྨན་གྱི་སྡེ་ངས་ལོངས་ཁྱོད་ཀྱི་ཕྱིར་རམ། འཚོ་བའི་ལོངས་རྒྱ་དཀྱི་ཕྱིར་རམ། དབང་ཕྱུག་གི་ལོངས་སྤྱོད་ཀྱི་ཕྱིར་དཀའ་བ་སྤྱོད་པ་ཁྱད་པ་མ་ཡིན་གྱི། སྨན་གྱི་སྡེ་ཆོས་ཀྱི་ངོ་བོ་ཉིད་འོང
307a7 དུ་ཆུད་པར་བྱ་བའི་ཕྱིར། ངས་དཀའ་བ་པྱོད་པ་སྱད་ཀྱང་ངས་དེ་སྲིད་ཀྱི་བར་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི། སྨནད་ཀྱི་སྡེ་གང་གི་ཚེ་གང་གི་དུས་ན། ངས་ཟུང་གི་ཆོས་ཀྱི་རྣམ
307a8 གྲངས་འདི་ཐོས་པ་དེ་ཉིད་ཀྱི་ཉིན་མོ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྨནད་ཀྱི་སྡེ་ཆོས་ཀྱི་རྣམ་གྲངས་འདི་ཟབ་བོ།། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ
307a9 རྙེད་པར་དཀའོ།། སྨན་གྱི་སྡེ་དེ་བཞིན་གཤེགས་པ་འབྱུང་བ་མཆོག་ཏུ་རྙེད་པར་དཀའོ།། སྨནད་ཀྱི་སྡེ་ཆོས་ཀྱི་རྣམ་གྲངས་འདི་འཛིནད་པ་དག་ཀྱང་མཆོག་ཏུ་རྙེད་པར་དཀའོ།། གང་དག་ཆོས་ཀྱི་རྣམ་གྲངས




iiif viewer powered by OpenSeadragon

306b - 307b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs