| e-texts navigator |
| Wylie |
306a1 པོ་མངོན་པར་འདུ་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་ས་ལ་པ། རིགས་ཀྱི་བུ་ཉོན་ཅིག། དེ་དག་ནི་ང་ལ་སྟོད་པ་མ་ཡིན་ཀྱི། རང་གི་ལུས་ལ་སྟོད་ཅིང་། རང་གི་ལུས་ཀྱི་སྟན་དམ་པ།
306a2 ལ་འཇོག་པར་འགྱུར། རང་གི་ལུས་ལས་འོད་གཟེར་འབྱིནད་པར་འགྱུར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང
306a3 ཡོངས་སུ་གཟུང་པར་འགྱུར་རོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་སྟོན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨནད་ཀྱི་སྡེས་འདི་སྐད
306a4 ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་བདེ་བར་གཤེགས་པ་གདུགས་མཚན་དུ་སེམས་ཅན་མང་པོ་ཞིག་ཡོངས་སུ་གྲོལ་ཡང་། ད་དུང་དུ་སེམས་ཅན་རྣམས་ཟད་པར་མ་གྱུར་ཏོ།། བཅོམ་ལྡན་འདྲ
306a5 ཀྱིས་བཀའ་ས་ལ་པ། སྨན་གྱི་སྡེ་ཁྱོད་གང་དེ་བཞིན་གཤེག། པ་ལ་དོན་འདི་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ།། སྨནད་ཀྱི་སྡེ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་ཕྱུག
306a6 ཅིང་ནོར་མང་ལ་ལོངས་པྱད་ཆེ་སྟེ། ནོར་དང་འབྲུ་དང་། མཛོ་ད་དང་། བབབ་མང་པོ་དང་ལྡན་ལ། བྲན་པོ་དང་། བྲན་མོ་དང་ལས་བྱེད་པ་དང་། ཞོ་ཤས་འཚོ་བའི་མྱི་མང་པོ་དང་ལྡན་ཏེ།
306a7 དེ་ནོར་གྱི་ཕུང་པོ་མང་ལ་ལགས་ཞིང་དང་ཀུན་དགའི་ར་བ་མང་དུ་བདོག་ཅིང་འདི་ལྟ་སྟེ། ནས་དང་གྲོ་དང་། འབྲས་དང་། བལ་སྲན་དང་། སྲན་ཅུད་ལས་སོཚོགས་པ་འབྲུ་མང་དུ་བདོག་པ་ཞིག་ཡོད་ལ། མྱི་དེས
306a8 དཔྱིད་ཀྱི་དུས་ལ་འབྲུ་ཐམས་ཅད་ཀྱི་ས་བོན་བཏབ་ནས། དུས་གཞན་ཞིག་གིས་ཁོན་དེ་དག་ཐམས་ཅད་ཡོངས་སུ་སྦྱི་དད་པར་གྱུརྡ་པ་དང་། མྱ་ངེས་འབྲུ་དེ་དང་དེ་དག་སོ་སོར་འཇོག་སྟེ། བཞག་ནས་ཀྱང
306a9 དཔྱིད་ཀྱི་དུས་ཀྱི་བར་ཏུ་ཟོས་ནས་ཡང་འདེབས་པ་དེ་བཞིན་དུ་སྨན་ཀྱི་སྡེ་སེམས་ཅན་རྣམས་ཀྱང་སྔོན་ལས་བྱས་པའི་ལས་དེ་དག་ཐམས་ཅད་ཡོངས་སུ་ཟད་པར་གྱུར་པ་དང་། དེ་ལ་བསོད་ནམས་ཀྱི