e-texts navigator
Collection
Volume
Page
Wylie

305b1 གཞན་མུ་སྟེགས་ཅན་ཐམས་ཅད་མྱི་སྐྱེ་བའི་ཆོས་ལ་བཟོད་པར་གྱུར་ད་ཏོ།། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་གྱུར་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད
305b2 སྟེང་གི་ནམ་མཁའ་བར་སྣང་ལ་ཤིང་ཏ་ལ་བདུན་སྲིད་དུ་མངོན་པར་འཕགས་ནས། རིན་པོ་ཆེ་སྣ་བདུན་གྱི་ཁང་པ་འཚེགས་པ་དག་དེ་བཞིན་གཤེགས་པ་ལ་འབུལ་ཞིང་། ཐམས་ཅད་ཀྱང་རྣམ་པར་འཕྲུལ་པ་སྣ
305b3 ཚོགས་བྱིན་ཀྱིས་རློབ་སྟེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱི་དཤུའི་སྤྱི་གཙུག་གི་སྟེང་སོགས་སུ་གནས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་སིལ་མ་སྣ་ཚོགས
305b4 འཐོར་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིད་ལ་བྱེད་དེ། རླུང་གི་ལུས་ལ་ཡང་སངས་རྒྱས་སུ་འདུ་ཤེས་སྐྱེད་དོ།། ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་ཡང་དེ་བཞིན་གཤེགས་པ
305b5 ལ་མངོན་པར་འཐོར་ཞིང་ཚིག་འདི་སྐད་དུ། དགེ་སྦྱོང་གོའུ་ཏ། མ་ནི་རྙེད་པ་ཆེན་པོའོ།། ཞིང་ཆེན་པོའོ།། འཇིག་རྟེན་གྱི་འཀོན་ནོ།། ཏིང་ངེ་འཛིནད་ཀྱི་སྟོབས་སྐྱེད་པ་བརྙེས་པའོ།།
305b6 མཁས་པ་མཁས་པ་ཚོལ་བ་ལགས་ཏེ། གང་སེམས་ཅན་འདི་ལྟ་བུ་དག་ཐབས་ལ་མཁས་པས། མཐར་ད་ཀྱིས་འཁོར་བ་ལས་ཡོངས་སུ་ཐ་རད་པར་མཛད་དེ་ལེགས་པར་གསུངས་པ་གཅིག
305b7 ཙམ་གྱིས་ཀྱང་། སེམས་ཅད་དེ་སྙེད་ཅིག་འཁོར་བ་ལས་ཡོངས་སུ་གྲོལ་ལོ་ཞེས་སྨྲས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨནད་ཀྱི་སྡེ་སྟན་ལས་ལངས་ནུས། བླ་གོས་ཕྲག་པ་གཅིག་ཏུ་མ
305b8 ཏེ། པུས་མོ་གཡས་པའི་ལྟུ་ང་ལས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་པ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོསད་ཏོ།། བཅོམ་ལྡན་འདས་རྒྱུ་གང་དས
305b9 རྐྱེནད་ཀྱང་གིས་རིགས་ཀྱི་བུ་དེ་དག་ཚིག་འདི་སྐད་འབྱིནད་ཅིང་རྫུ་འཕྲུལ་མངོན་པར་འདུ་བགྱི་བ་མང་པོ་བགྱིད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གས་ལ་ད་ཏ།། དེ་བཞིན་གཤེགས་པའི་བསྔགས་པ་མང




iiif viewer powered by OpenSeadragon

305a - 306a

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs