e-texts navigator
Collection
Volume
Page
Wylie

305a1 སྟོན་ཅིག། དེའི་ཚེ་དེའི་དུས་ན་སེམས་ཅད་གཞོན་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་ལུས་དང་བྲལ་བར་སྟེང་གི་ནམ་མཁའ་ལ་གནས་ཏེ། ས་བཅུ་རབ་ཏུ་ཐོབ་པར་འགྱུར་རོ།། དེ་ནས་བཅོམ
305a2 ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། གང་དག་འཁོར་བ་ཡོངས་སུ་ཟད་པར་བགྱི་བ་དང་། ཡོངས་སུ་བྱང་བར་བགྱི་བའི་སླད་དུ། བརྩོན་འགྲུས་བཅོམ
305a3 སེམས་ཅན་དེ་ལྟ་བུ་ནི་རྙེད་པ་ལེགས་པར་རྙེད་དོ།། བཅོམ་ལྡན་འདས་སེམས་ཅན་འདི་དག་ནི་དེང་ཉིད་སྐྱེས་ལ། བཅོམ་ལྡན་འདས་སེམས་ཅན་འདི་དག་ནི་དེང་ཉིད་ཡོངས་སུ་གྲོལ་ཏེ། ཐམས་ཅད་ཀྱང་ས་བཅུ
305a4 རབ་ཏུ་ཐོབ་པར་མཐོང་ངོ་།། འཕགས་པའི་ཟུང་གི་མདོའ་བམ་པོ་གསུམ་པའོ།། །། དེ་ནས་བྲམ་ཟེ་དང་གཞན་མུ་སྟེགས་ཅན་པྱོད་པ་པ་དང
305a5 ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དང་། ཀླུའི་རྒྱལ་པོ་དང་། བདུད་སྡེ། ཀ་ཅན་འཁོར་དང་བཅས་པ་ཐམས་ཅད་ལྷགས་ནས་གཡོལ་བྱ།། བའི་ཕྱིར། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
305a6 ཏོ།། བཅོམ་ལྡན་འདས་བདག་ཅག་འདིར་དེ་བཞིན་གཤེག་ས་པའི་གན་དུ་མཆིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་བདག་ཅག་གིས་སངས་རྒྱས་ཀྱི་བདེ་བ་དེ་ལྟ་བུ་ཐོབ་པར་གྱུར
305a7 ཅིག། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སྔངས་རྒྱས་འདི་ལྟ་བུར་གྱུར་ད་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སཅལ་ད་པ། བཞིན་བཟངས་དག་དེ་དེ་གཞིན་ཏེ།
305a8 ཇི་ལྟར་ཁྱོད་དེ་བཞིན་གཤེགས་པའི་གར་དུ་ལྤགས་ནས། ཁྱོད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཟོས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས
305a9 ཁྱོད་ཐམས་ཅད་རིང་པོར་ཕྱེ་ཐོགས་པར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ། དེ




iiif viewer powered by OpenSeadragon

304b - 305b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs