| e-texts navigator |
| Wylie |
304a1 མཚན་དུ་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་བཀྲོལ་ཡང་། སེམས་ཅན་གྱི་ཁམས་ལ་བྲི་བ་འམ། གང་བར་ཀྱང་མྱི་གདའ་ན། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན
304a2 དེ་དག་སྐྱེ་བ་དང་། འགོག་པ་མཉམ་པར་སྟོན་ད།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་ད་ཀྱི་སྡེ་ལ་བཀའ་ས་ཡད་པ། མུ་སྟེགས་ཅན་དག་འགྱོད་པ་ཆེན་པོ
304a3 བསྩལ་བ་དང་། ཆོས་ཀྱི་སྒྲོན་མ་ཆེན་པོ་འབར་བར་བྱ་བའི་ཕྱིར། གོ་ཆ་ཆེན་པོ་བགོས་ནས་འདྲི་བའི་གླེང་གཞི་ཆེན་པོ་འདྲི་སྟེ། ཕྱི་མའི་དུས་ན་སེམས་ཅན་གཞོན་ནུ་དང་། རྒན་པོ་རྣམས་སྐྱེ་བ་དང་འཇིག་པ་ཤེས་པར་འགྱུར
304a4 རོ།། སྨན་གྱི་སྡེ་སེམས་ཅན་རྒན་པོ་དག་ཀྱང་གཞོན་ནུ་བཞིན་དུ་རྩིཡང་མྱི་ཤེས་པ་ཡང་ཡོད་དེ། སྨནད་ཀྱི་སྡེ་འདི་ལྟ་སྟེ་དཔེར་ན། སྐྱེ་ས་བུ་ལ་ལ་ཞིག་སྐྲ་བཀྲུས་ནས། གོས་སར་པ་བགོས་སྟེ།
304a5 དེ་ཁྱིམ་གྱི་ཕྱི་རོལ་དུ་བྱུང་བ་དེ་ལ་སེམས་ཅན་རྣམས་ཀྱིས་ཁྱོད་གོས།། སར་པ་ལེགས་པ་བགོས་སོ་ཞེས་སྨྲས་པ་དང་། སེམས་ཅན། གཞན་ཞིག་ཀྱང་མགོའི་བཀྲུས་ནས། གོས་རྙིད་པ་ཡང་བཀྲུས
304a6 ཏེ། བགོས་པ་དང་། དེ་ཟེགས་ནས་མྱི་དེ་སྐྲ་བཀྲུས་ཀྱང་མཛེས་པར་མ་གྱུར་ད་ལ། དེའི་གོས་ཀྱང་མཛེས་པར་མ་གྱུར་ད་ལ་དེ། བཞིན་དུ། སྨནད་ཀྱི་སྡེ་འཛམ་བུའི་གླིང་ན་སེམས་ཅན་རྒན་པོ་ཡོད་པ་དག་ནི
304a7 མཛེས་པ་མ་ཡན་ཏེ། སེམས་ཅན་གཞོན་ནུ་དག་ནི་སྐྱེ་བ་དང་། འགག་པ་སྟོནད་ཏོ།། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཀུན་ཏུ་པྱོད་པ་པ་དང་། ཀུནད་ཏུ་རྒྱུ་དེ་དག་ཐམས་ཅན་སྟན་ལས་ལངས་ནས། བཅོམ
304a8 ལྡན་འདས་ལ་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་བདག་ཅག་གི་ནང་ན་གཞོ་ནུ་གང་ལགས། རྒན་པོ་ནི་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སཆལ་ད་པ། ཕྱེད་ཅག་ནི་ཡང་དང་ཡང
304a9 སེམས་ཅན་དམྱལ་བ་པ་དང་། དུད་འགྲོ་དང་། ཡི་དགས་རྣམས་སུ་ཚོར་བ་མཐོང་ཡང་ཁྱེད་ད་དུང་དུ་ངོམས་མྱི་མྱོང་བས་ཁྱེད་ཅག་ནི་རྒན་པའོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་དེ་དག་ཐམས་ཅད་དང་།