e-texts navigator
Collection
Volume
Page
Wylie

303a1 ནུ་མྱི་བཟད་པས་ཟུག་པར་གྱུར་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བཤད་པ་དང་། དེ་ན་མྱི་ང་རྒྱལ་ཅན་ཇི་ལྟ་བ་བཞིན་དུ་བྱིས་པ་སོ་སོ
303a2 འི་སྐྱེ་བོ་རྣམས། དེ་བཞིན་གཤེགས་པ་ལ་གཟུགས་དང་། ཁ་དོག་དང་། མཚན་དང་། དབྱིབས་དང་། མཚན་མར་བཟུང་སྟེ། དེ་བཞིན་གཤེགས་པའི་ལུས་ཡིན་པ་སྙམ་དུ་ཤེས་ཤིང་། དེ་ན་དེ་དག་ཆོས་མང་པོ་ཐོས་ནས།
303a3 སྐྲག་པའི་ང་རྒྱལ་དུ་ལྷུང་སྟེ། ཀྱལ་བ་སྣ་ཚོགས་སྤསྦ་བ་དང་། བདག་ཏུ་འཛིནད་པ་དང་། བདག་གིར་འཛིནད་པའི་ཟིལ་གྱིས་ནོན་ནས། བདག་ཉིད་འདི་ལྟ་བུའི་ཆོས་མྱི་ཉན་མྱི་འཆད་དེ། ག་ལ་ལ་ཞིག་མདོ་འམ་ཚིགས་སུ་བཅད
303a4 པ་འམ། ཟ་ན་དཔེའ་ཙམ་ཞིག་དེ་དག་ལ་བཤད་ན་ཡང་། ང་བདག་གིས་ཤེས་སོ་ཞེས་དེ་དག་མྱི་འཛིནད་ཅིང་གནས་ཀྱང་མྱི་ཉནད་ཏོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་རྒྱལ་ཅན་དུ་གྱུརྡ་པའི་ཕྱིར་ཏེ། དེ་དག་ནི
303a5 མང་དུ་ཐོས་པས་བདག་མྱེད་པའོ།། གང་བྱིས་པ་སོ་སོའི་སྐྱེ་བོ་རྣམ། ས་དཔའ་གྲོགས་པ་དེ་དག་ནི། འདི་ལྟ་བུའི་ཆོས་དང་ལྡན་པ་བྱེད་པར་མྱི།། འགྱུར། དེ་དག་ནི་འདི་ལྟ་བུའི་ཆོས་དང་ལྡན་པའི་ཚིག་ཐོས་པར
303a6 མྱི་འགྱུར་གྱི། དེ་དག་མང་དུ་ཐོས་པ་དེས་རྒྱགས་པར་འགྱུར་ཏེ། མྱི་དེ་ལྟ་བུ་དེ་དག་ནི་རང་ཀ་རང་བཟོར་བྱས་པ་འཇོག་པར་བྱེད། རང་གི་ཀ་ཞུང་གི་གླེང་གཞི་ཡང་འཇོག་པར་བྱེད་དོ།། དེ་དག་ནི་བདག
303a7 དང་འཇིག་རྟེན་ཐམས་ཅད་ལ་སླུ་ཞིང་དོན་བྱེད་པར་ཡུལ་འཁོར་གྱི་བསོད་སྙོམས་མང་པོ་པ་སྟེ། ཟས་ནས་ཀྱང་ལེགས་པར་འཇུག་པར་མྱི་འགྱུར་རོ།། དེ་དག་འཆི་བའི་དུས་ཀྱི་ཚེ། འཇིགས་པ་ཆེན་པོ་འབྱུང་བར་འགྱུར
303a8 ཏེ། སེམས་ཅན་དེ་དག་གིས་དེ་ས་སྨྲས་པ། ཁྱོད་ཀྱིས་ནི་པས་བཟོའི་གནས་མང་དུ་བསླབས་ན། ཇི་ལྟར་བདག་འཇོག་པར་གྱི་ནུས། དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་པ་ནི་དེ་ལྟར་བདག
303a9 འཇོག་པར་མྱི་ནུས་སོ།། དེ་ན་སེམས་ཅན་དེ་དག་སྨྲེ་སྔགས་རྣམ་པ་སྣ་ཚོགས་འདོན་པར་འགྱུར་ཏེ། ཇི་ལྟར་གཞན་གྱིས་མ་ལན་གྱི། རང་གི་ལས་ཀྱི་རྐྱེན་ཀྱིས་གང་ཟག་དེ་གཅིག་པུའི་ཕྱིར། གཉེན་གྱི་ཚོགས་མང




iiif viewer powered by OpenSeadragon

302b - 303b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs