e-texts navigator
Collection
Volume
Page
Wylie

294a1 མྱེད་པ་དེ་དག་ལྷག་མ་མ་ལུས་པར་མྱུར་དུ་བྱང་བར་གྱུར་པའི་དུས་དེ་ཡང་དྲན་ནོ།། སྨྲས་པ། ཟུང་གི་ཆོས་ཀྱི་རྣམ་གྲངས་མདོའི་རྒྱལ་པོ། དཀའ་ཐུབ་ཆེན་པོ་གང་དག་གིས་ཐོས་པ་རྣམས་ཆོས་ཀྱི་གནས
294a2 བླ་ན་མྱེད་པ་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ་ཡོ་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་བ་འདི་འཐོབ་པར་འགྱུར་རོ།། གང་གིས་མྱུར་དུ་འཐར་འགྱུར་བ།། ཆོས་རྣམས་བཤད་ཀྱིས་རབ་ཏུ་ཉོན།། ཚིག་བཞི
294a3 པའི་ཚིགས་བཅད་ཙམ།། རྒྱུན་མྱི་འཆད་པར་བཤད་པས་ན།། སྡིག་པ་ཐམས་ཅད་བྱང་གྱུར་དེ་ནས།། རྒྱུན་ཏུ་ཞུགས་པ་འཐོབ་པར་འགྱུར།། སྡིག་པ་ཀུན་ལས་ཐ་རད་ཏོ་ཞེས།། ཆེད་དུ་བརྗོད་པ་ཆེད་དུ་བརྗོད།། སེཾས
294a4 དམྱལ་འཇིགས་པའི་བཅིངས་པ་ལས།། སེམས་ཅད་སྡུག་བསྔལ་རབ་ཏུ་བཀྲོལ།། དེན་ཀྱི་དེ་སྟན་དེ་ལས།། ལངས་ཏེ་ཐལ་མོ་སྦྱར་ང་བྱས་ནས།། དེ་ལ་མགོའ་མོས་ཕྱག་འཚལ་ཏེ།། ལེགས་སོ་ཞེས་བྱ་རབ་ཏུ་བྱིན།།
294a5 ལེགས་སོ་དགེ་བའི་བཤེས་གཉེན་རྣམས།། ལེགས་སོ་ལྡོག་པ།། འཇིག་བྱེད་པ།། གང་དག་ཟུང་མདོའི་ཚུལ་ཆེན་བསྟན་།། ཐོས་པ། ར་འགྱུར་བ་རྣམས་ཀྱང་ལེགས།། དེ་ནས་དེའི་ཚེ་དེའི་དུས་ན་སྟེང
294a6 ཀྱི་བར་སྣང་ལས་ལྷའི་བུ་ཁྲི་ཉིས་སྟོང་ཐལ་མོ་སྦྱརྡ་ཏེ། དྲང་སྲོང་དེའི་གན་དུ་ལྷགས་ནས་རྐང་པ་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་པ་ཅོམ་ལྡན་འདས་དཀའ་ཐུབ་ཆེན་པོ་ཡུན་ཇི་སྲིད་ཚུན་ཆད་དགོངས་ཤེས
294a7 སྨྲས་སོ།། དེ་བཞིན་དུ་ཀླུའི་རྒྱལ་པོ་བྱེ་བ་ཕྲག་བཞི་ལྷགས། གནོད་སྦྱིན་གྱི་རྒྱལ་པོ་ཁྲི་བརྒྱ་སྟོང་ལྷགས་ཏེ། དྲང་སྲོང་དེ་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་པ་བཏུད་ནས། འདི་སྐད་ཅེས་སྨྲས་སོ།། ཆེ་བ་ཉིད་དང་ལྡན
294a8 བ་ཡུན་ཇི་སྲིད་ཚུན་ཆད་དགོངས།། དྲང་སྲོང་ཀིས་སྨྲས་པ། བསྐལ་པ་གྲངས་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་རྣམས་སོ།། སྨྲས་པ། དགེ་བ་ལ་ལས་ཀང་ཀིས་ན། སྐད་ཅིག་གིས་སྡིག་པའི་ལས་འདི་རབ་ཏུ་ཞི
294a9 བར་འགྱུར།། སྨྲས་པ། ཟུང་གི་ཆོས་ཀྱི་རྣམ་གྲངས་ཟོས་པས་སོ།། གང་དེར་སེམས་ཅན་ཚོགས་པ་རྣམས་ལས་གང་དག་གིས། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དད་པ་དེ་དག་ཐམས་ཅད་ནི། བླ་ན་མྱེད་པ




iiif viewer powered by OpenSeadragon

293b - 294b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs