| e-texts navigator |
| Wylie |
293a1 གིས་བྱང་ཆུབ་སེམས་དཔའ་ཡི།། སངས་རྒྱས་འགྲུབ་པ་ཁར་ཆད་བགྱིས།། དེའི་ཚིག་དེ་ཐོས་ནས་སུ།། དྲང་སྲོང་གིས་ནི་ཚིག་སྨྲས་པ།། ཁྱོད་ཀྱིས་སྡིག་པ་བྱས་པས་ནི།། ། ཀྱེ་མ་སྐྱེས་བུ་ཁྱོད་ཀྱི
293a2 དགེ། སྡིག་པའི་ལས་ནི་བྱས་པ་དང་།། བྱེད་དུ་འཇུག་པ་བཤགས་པར་བགྱི།། དེ་ནས་དེའི་ཚེ་ཚུ་ཀྱངན་གྱི་ཟུག་རྔུས་ཟུག་སྟེ། འཇིགས་སྨག་སྐྱོ་ནས།། བདག་ལ་སུ་ཞིག་བསྐྱོབ་པར་འགྱུར།། བདག་གིས་སྡིག་པའི།
293a3 ལས་བྱས་པས་ཀ། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། དེ་ནས་མྱི་དེས་པུས་མོ་གཉིས་ས་ལ་བཙུགས་ནས། དྲང་སྲོང་དེ་ལ་སྨྲས་པ།། བདག་ཀཱིཿ་ཤིང་བྱེད་བཅུག་པ། སྡིག་པ་ཐམས་ཅད་བཤགས་པར་བགྱི།།
293a4 སྡིག་པའི་འབྲས་བུར་དེ་མྱི་འགྱུར།། སྡུག་བསྔལ་བདག་གིས་མྱོང་ས་འགྱུར།། བདག་ནི་ཁྱོད་དང་ཉེར་གྱུར་ཀྱིས།། དྲང་སྲོང་བདག་གི་སྐྱབས་སུ་གྱུར་ད།། འགྱོད་པ་མྱེད་ཅིང་ཞི་བས་ན།། བདག་གི་སྡིག་པའི
293a5 ལས་རྣམས་ཞི།། དེའི་ནས་དེའི་ཚེ་དེའི་དུས་ན་དྲང་སྲོང་དེས་མྱི་། དེ་ལ་སྨྲས་པ།། ང་ནི་སྐྱེས་བུ་ཁྱོད་ཀྱི་སྐྱབས་སུ་འགྱུར།། ང་ནི་། རྟེན་དུ་འགྱུར། ང་ནི་དཔུང་གཉེན་དུ་འགྱུར་གྱིས། ཁྱོད་མ་འཇིག
293a6 པར་མངོན་སུམ་དུ་ཆོས་ཉོན་ཅིག། ཁྱོད་ཀྱིས་ཟུང་གིས་བྱ་བ་འི་ཆོས་ཀྱི་རྣམ་གྲངས་ཅུང་ཟད་ཐོས་སམ་ཞེས་དབུགས་དབྱུང་བ་ད་པ། དེས་སྨྲས་པ། བདག་གིས་ཡོད་མ་ཐོས་སོ།། དྲང་སྲོང
293a7 གྱིས་སྨྲས་པ། གང་གིས་སྙིང་རྗེ་ལ་གནས་པས། སེམས་ཅན་རྣམས་ལ་ཆོས་སྟོདད་པ་མ་གཏོགས་པར། སེམས་ཅན་ཚིག་པ་ལ་སུ་ཞིག་ཆོས་སྟོནད།། སྨྲས་པ། རིགས་ཀྱི་བུ་ཡང་ཉོན་ཅིག། སྔོན་བྱུང་བ་འང།
293a8 པའི་དུས་བསྐལ་པ་གྲངས་མྱེད་པའི་ཡང་གི་ན་ཏུ་གྲངས་མྱེད་པར་གྱུར་པ་དེའི་རྗེ། རོའི་དུས་ན་རྒྱལ་པོ་ཟླ་བ་དྲི་མ་མྱེད་པ་ཞེས་བྱ་བ། ཆོས་ཅན་ཆོས་ཀྱི་རྒྱལ་མི་ཞིག་ཡོད་དེ། རིགས་ཀྱི་བུ་རྒྱལ་པོ་ཟླ་བ་དྲི་མ་མྱེད་པ
293a9 དེའི་ཁྱིམ་དུ་བུ་ཞིག་བཙས་སོ།། དེ་ནས་རྒྱལ་པོ་ཟླ་བ་དྲི་མ་མྱེད་པས། བྲམ་ཟེ་མཚན་མཁན་རྣམས་བསྡུས་ནས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་གཞོན་ནུ་ལ་མཚན་ཅི་ཞིག་མཐོང་།། དེ་ནས་བྲམ་ཟེ་འ