e-texts navigator
Collection
Volume
Page
Wylie

292b1 མོར་སོང་ནས་སུ།། དེ་ནས་བདག་ལུས་བོར་བར་བྱ།། སྐྱེས་བུ་བླུན་པོ་མ་འགྲོ་ཤི་ཀ།། གནོད་པར་བྱེད་པའི་སེམས་ཀྱིས་སུ།། ། ཁྱོད་ཀྱིས་སྡིག་པ་མང་བྱས་ཀྱིས།། སྡུག་པའི་ལས་ན་མང་བྱས་ཀྱིས།། སྡིག་པའི
292b2 ལས་ནི་མ་བྱེད་ཅིག། གང་དག་བདག་ལ་གནོད་བྱེད་རྣམས།། སྡུག་བསྔལ་སེམས་ཅན་དམྱལ་པར་འགྲོ།། མྱ་ངན་བྱེད་ཅིང་དུ་བས་ན།། དེ་ཕྱིར་ས་ལ་འགྱེལ་བར་འགྱུར།། འཚོན་འགྲུས་དེས་ནི་སངས་རྒྱས་མྱི་འགྱུར་ཏེ།
292b3 བྱང་ཆུབ་སེམས་དཔའ་ར་འགྱུར་བའང་མ་ཡིན་ནོ།། ཉན་ཐོས་ཐ་རད་པའི་ཐེག་པའང་མྱི་འཐོབ་ཀྱིས།། བརྩོན་འགྲུས་གཞན་གྱིས་རབ་ཏུ་འབད་པར་གྱིས།། དྲང་སྲོང་ག་ལ་ཡོད་པའི་མི་དེར་སོང་།། སོང་སྟེ་དྲང་སྲོང་ཆེ་བ
292b4 ཉིད་མཐོང་ནས།། དེའི་རྐང་ལ་མགོ་བོས་ཕྱག་འཚལ་ཏེ།། སེ་མས་ཅན་དམ་པ་བདག་ལ་སྐྱབས་མཛོད་ཅིག། བདག་ནི་འཛི་གས་བྱེད་སྡུག་བསྔལ་རབ་ཏུ་གཟིརྡ།། སེམས་ཅདན་སྙིང་པོ་དྲང
292b5 སྲོང་ཚིག་གསོན་ཅིག། བཞུགས་ལ་སེམས་ཀྱི་སྐབས་མི་དབྱེའམ་ཛོད་དེ།། སྐད་ཅིག་ཙམ་ཞིག་དགེ་བའི་ཆོས་ཀྱང་ཤོད། འཛི་ཀས་སྐྲག་སྡུག་བསྔལ་རབ་ཏུ་གཟི་རད་པས་ན།། དེ་ཕྱིར་སྐད་ཅིག
292b6 ཡུད་ཙམ་བཞུགས་སུ་གསོལ།། བདག་གིས་སྡིག་མང་ཀང་བགྱིས་བཤགས་པར་འཚལ།། དྲང་སྲོང་གིས་ནི་བདག་ལ་བཀའ་སོལ་དུ་ཀ། དྲང་སྲོང་ཀིས་སྨྲས་པ།། སྡུག་བསྔལ་དུ་ཞིང་མྱ་ངན
292b7 བྱེད་པས་གཟིར་ད།། ཁྱོད་ནི་བཀྲེས་ཤིང་སྐོམ་པས་ཉེནད་པའ་སྟེ།། ཚེ་རབས་སྲིད་པ་གསུམ་དུ་འགྲོ་བས་ན།། ཁ་ཟས་གང་དག་བྱིན་པ་དེ་དག་ཟོ།། ལུས་ནི་ཚིམ་པར་བྱ་བའི་ཕྱིར།། དྲང་སྲོང་ཀས་ན་ཟིས་བྱིན་ཏེ།
292b8 ཡིད་ན་འོང་བ་ཞིམ་ཟོས་ནས།། སེམས་ཅན་རབ་ཏུ་དགའ་བར་གྱུར་ད།། སྡིག་པ་ཐམས་ཅད་བྱང་བྱེད་པའི།། ཆོས་ནི་ཁྱོད་ལ་ཕྱིས་བཤད་དོ།། དེའི་ཁ་ཟས་ཞིམ་པོ་དེ།། སྐད་ཅིག་གཅིག་ལ་ཐོས་པར་གྱུར་།
292b9 ཟས་ཟོས་ནས་ཀྱང་ལག་བཀྲུས་ཏེ།། དྲང་སྲོང་ལ་ནི་བསྐོར་བྱས་ནས།། སྐྱིལ་མོ་ཀྲུང་དུ་འདུག་ནས་སུ།། སྡིག་པ་གང་དང་ཀང་བྱས་སྤྲས།། ཕ་བསད་དང་ནི་མ་བསད་དང་།། མཆོད་རྟེན་གག་ས་གིས་བགྱིས།། བདས




iiif viewer powered by OpenSeadragon

292a - 293a

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs