e-texts navigator
Collection
Volume
Page
Wylie

292a1 ཅད་དེ་ནི་སེམས་ཅན་ཐམས་ཅད་ཀྱིས་སྤང་བ་པ་འགྱུར་རོ།། སྨད་པར་འགྱུར་རོ།། སེམས་ཅད་དེ་ནི་ཚིག་པར་གྱུར་པ། མ་རུང་བར་གྱུར་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱང་མ་རུང་།
292a2 བར་བྱས་པ་ཡིན་ཏེ། ཇི་ལྟར་སྡོང་དུ་མཆིག་པ་བཞིན་དུ་གྱི་དེ་ཡང་བས་ལང་པ་དུ་མའི་བར་དུ་དེ་བཞིན་དུ་འགྱུར་རོ།། ཇི་སྟེར་ཁྱིམ་ལེགས་པར་བྲིས་པའི་ཀ་གདུང་ཚིག་ན་མྱི་མཛེས་པ་སར། ཀྱཻ་དེ་ཡང་དེ་ལྟར་འགྱུར་རོ།།
292a3 འཇིག་རྟེན་འདི་ན་ཡང་མྱི་མཛེས་སོ།། གང་དང་ཀང་དུ་འགྲོ་བ་དེ་དང་དེ་དག་ཏུ་ཡང་སེམས་ཅན་རྣམས་ཀྱིས་སྤྱོ་ཞིང་རྡེག་པ་དང་། བཀྲེས་པ་དང་། སྐོམ་པས་ཉེན་ཅིང་ཅུང་ཟད་ཀྱང་མྱི་རྙེད་པར་འགྱུར་རོ།། དེའི་ཕྱིར་སྡུག
292a4 བསྔལ་གྱི་ཚོར་བ་མྱོང་སྟེ། བཀྲེས་ཤིང་སྐོམ་པའི་རྒྱུ་དང་། སྨྱོས་པ་འི་རྒྱུས་མཆོད་རྟེན་བཤིགས་པ་དང་། མཚམས་མྱེད་པ་ལྔའི་ལས་རྗེས་སུ་དྲན་ནས། དེའི་ཕྱིར་བདག་གང་དུ་འགྲོ་བར་འགྱུར།
292a5 བདག་སྐྱོབ་པ་ནི་སུ་ཡིན་སྙམ་དུ་སྡུག་བསྔལ་ལ་སྐྱོ་བའི་སེམས་སྐྱེ། ད་དེ། དེ་ཡང་འདི་སྙམ་དུ་སེམས་སོ།། འདི་ན་ནི་བདག་གི་སྐྱོབ། པ་སུ་ཡང་མྱེད་ཀྱིས། བདག་རི་དང་རིའི་སུལ་དག་དུ་སོང་ལ་དེར
292a6 འཆི་བའི་དུས་བྱའོ་སྙམ་མོ།། སྨྲས་པ། བདག་གིས་སྡིག་པའི་ལས་བྱས་པ།། རྟག་ཏུ་སྡོང་དུམ་ཚིག་པ་བཞིན།། འཇིག་རྟེན་འདི་ནའང་མྱི་མཛེས་ལ།། ཚེ་གཞན་ན་ཡང་མཛེས་མ་ཡིན།
292a7 ཁྱིམ་གྱི་ནང་ན་ཡང་མྱི་མཛེས་ལ།། ཕྱི་རོལ་ན་ཡང་མཛེས་མ་ཡིན།། ཉེས་པའི་རྒྱུས་ནི་སྡིག་བྱས་ཏེ།། དེས་ནི་ངན་འགྲོར་འགྲོ་བར་འགྱུར།། ཚེ་གཞན་དུ་ཡང་སྡུག་བསྔལ་ན།། ངན་འགྲོ་འདིར་ནི་གང་དུ་གནས
292a8 མཆིམས་གནངས་པར་དུས་ནས། ལྷ་རྣམས་ཀྱིས་ཀྱང་ཚིག་ཐོས་སོ།། ཀྱི་ཧུད་འཇིག་རྟེན་ཕ་རོལ་ཏུ།། ངན་འགྲོར་འགྲོ་བས་རེ་ཆད་དོ།། སྣ་རྣམས་ཀྱིས་དེ་ལ་སྨྲས་པ།། སྐྱེས་བུ་བླུན་པོ་དེ་སྙམ་བུ།།
292a9 སྡུག་བསྔལ་སེམས་དཔའ་ཐོབ་ལ་ཐོང་།། ཕ་བསད་ཅིང་ནི་མ་བསད་དེ།། བདག་གིས་མཚམས་མྱེད་ལྔ་བྱས་པས།། བདག་ལ་སྐྱབས་མྱེད་དཔུང་ཉེན་མྱེད།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། རིའི




iiif viewer powered by OpenSeadragon

291b - 292b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs