| e-texts navigator |
| Wylie |
291b1 གཤེགས་པ་བྱེ་བ་བརྒྱ་ཕྲག་གང་ཀའི་ཀླུང་གི་བྱེ་མ་སྙེད་མཐོང་བ་དེ་དག་གིས་ནི། ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་སེམས་དཔ་པ་བསྐྱེད་པར་འགྱུར་རོ།། དགའ་བར་འགྱུར་རོ།། ཡང་དག་པ་ཇི་ལྟ་བུ་བཞིན་དུ་རབ་ཏུ་ཤེས་པར་འ#
291b2 ཏེ། དེ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་ཅིང་མྱི་སྤོང་བར་འགྱུར་རོ།། ཀུན་ཏུ་དཔའ་བ་ཉོན་ཅིག། གང་གིས་ཟུང་གི་མདོའི་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡི་གེར་འདྲི་བ་དེ་དག་ནི། འཇིག་རྟེན་གྱི
291b3 ཁམས་བྱེ་བ་སྟོང་ཕྲག་དགུ་བཅུམ་ལྔ་ལས་འདས་ནས།། དེ་དག་གི་སངས་རྒྱས་ཀྱི་ཞིང་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ།། ཀུནད་ཏུ་དཔའ་བ་སེམས་ཅད་དེ་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱད
291b4 ཁྲི་བཞི་སྟོང་ཐུབ་པར་འགྱུར་རོ།། ཀུན་ཏུ་དཔའ་བ་ཉོན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཟུང་གི་ཆོས་ཀྱི་རྣམ་གྲངས་དེ་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པ་དེ་དག་ནི
291b5 ཀུན་ཏུ་དཔའ་བ་འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་ལ་ལས་མ་ཚམས་མྱེད་པ་ལྔའི་ལས་བྱས་སམ། བྱེད་དུ་བཅུཀ་ཀ་མ། བྱེད་པ། ལ་རྗེས་སུ་ཡི་རང་བ་དེ་ཡང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིས
291b6 བཞི་པའི་ཚིགས་སུ་བཅད་པ་ཙམ་ཉན་མ། དེའི་མཚམས་མྱེད་པ་འི་སྡིག་པའི་ལས་དེ་དག་བྱང་བར་འགྱུར་བ་ཡིན་ནོ།།
291b7 བཕགས་པ་ཟུང་གི་མདོའ། བྲམ་པོ་གཉིས་པའོ།། ། ཀུན་པ་ཏུ་དཔའ་བ་ཉོན་ཅིག་དང་། ཡོན་ཏན་གཞན་ཡང་འཤད་པར་བྱའོ།། འདི་ལྟ་སྟེ་དཔེརན་སེམས་རྣམ་ས
291b8 ཞིག་མཆོད་རྟེན་གཤིག་པ་དང་། དགེལ་འདུན་གྱི་དབེན་བྱས་པ་དང་། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་གཡོའ་བར་བྱེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བར་ཆད་བྱེད་པ་དང་། མའི་སྲོག་གཅོད་པའི་སེམས་ཅད་དེ
291b9 ཕྱིས་འགྱོད་ཅིང་མྱ་ངན་བྱེད་དེ། ལུས་འདིས་བདག་ཕུང་ངོ་།། འཇིག་རྟེན་ཕ་རོལ་པ་ཏུ་ཡང་ཕུང་སྟེ། བདག་མ་རུང་ངོ་སྙམ་དུ་དེ་སེམས་པ་ཆེན་པོ་བྱུང་བ་དང་། སྡུག་བསྔལ་གྱི་ཚོར་བ་མྱོང་ངོ་།། ཀུན་ཏུ་དཔའ་ལ་སེམས