e-texts navigator
Collection
Volume
Page
Wylie

291a1 ནམས་ཀྱི་ཕུང་པོ་ལས་ནི། གང་དེ་བཞིན་གཤེགས་པ་གཅིག་ལ་སེམས་དང་བར་བྱེད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། དེ་བཞིན་གཤེགས་པས་ཡོངས་སུ་གང་བ་ལ། གང
291a2 སེམས་དང་བར་བྱེད་པ་དང་། གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བ་དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་ར། ཀུན་ཏུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། འཛིན
291a3 པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལྟ་ཅི་སྨོས། ཀུན་ཏུ་དཔའ་བ་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་དཔབས་ཕྱག་འཚལ་བ་ལྟ་མ་སྨོས་ཀྱང་ཅི་དགོས། ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས་བྱིས་པ་སོ་སོའི་སྐྱེ
291a4 རོ་ཐམས་ཅད་ཀྱིས་འདི་ཐོས་པར་ནུས་སམ། ཀང་དེ་དག་ཐོས་པར་འགྱུར་ཡང་དད་པ་སྐྱེ་བར་མྱི་འགྱུར་རོ།། ཀུན་ཏུ་དཔའ་བ་ཉོན་ཅིག་བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ལས་གང་དག་རྒྱུ་མཚོ
291a5 ཆེན་པོའི་རྟིང་རྙེད་པར་ནུས་པ་ཡོད་དམ། གསོལྡ་པ། བཙོ། མ་ལྡན་འདས་དེ་མ་མཆིས་སོ།། བཀའ་མ་ལ་པ། ཀུན་ཏུ་དང་། ལབ་གང་ལག་མཐོ་ལི་གཅིག་གིས་རྒྱ་མཚོ་ཟད་པར་བྱེད་པའི་སེཾས
291a6 ཅན་འགའ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་མ་མཆིས་སོ།། བདེ་བར་གཤེགས་པ་དེ་མ་མཆིས་སོ།། བཀའ་ལད་པ། ཀུན་ཏུ་དཔའ་བ་ཇི་ལྟར་རྒྱ་མཚོ་ཆེན་པོ་སྐྱེམས་ནུས
291a7 བའི་སེམས་ཅན་འགའ་ཡང་མྱེད་པ་དེ་བཞིན་དུ། ཀུན་ཏུ་དཔའ་བ་དམན་པ་ལ་མོས་པའི་སེམས་ཅན་གང་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཉནད་མྱི་ནུས་སོ།། ཀུན་ཏུ་དཔའ་བ་གང་དག་དེ་བཞིན་གཤེགས་པ་བྱེ་བ་ཕྲག་གས
291a8 ཀའི་ཀླུང་བརྒྱད་བཅུའི་བྱེ་མ་སྙེད་མ་མཐོང་བ་དེ་དག་གིས་ནི། ཟུང་ཀི་མདོའི་རྣམ་གྲངས་འདི་ཡི་ཀེར་འདྲེ་མྱི་ནུས་སོ།། གང་དག་དེ་བཞིན་གཤེགས་པ་གང་ཀའི་ཀླུ་པཀུ་བཅུའི་མ་སྙེད་མ་མཐོང་བ་དེ་དག་གིས་ནི་ཆོས་ཀྱི
291a9 རྣམ་གྲངས་འདི་ནི་མཉན་མྱི་ནུས་སོ།། གང་དག་གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མ་མཐོང་བ་དེ་དག་གིས་ནི། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྤོང་བར་འགྱུར་རོ།། ཀུན་ཏུ་དཔའ་བ་གང་དག་དེ་བཞིན




iiif viewer powered by OpenSeadragon

290b - 291b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs