e-texts navigator
Collection
Volume
Page
Wylie

290b1 གང་གིས་རྒྱུ་ནད་ཏུ་ཞུགས་པ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རྒྱུ་ནད་ཏུ་ཞུགས
290b2 པར་གྱུར་ད་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་ལན་ཅིག་ཕྱིར་འོང་བ་གཅིག་ལ་སྦྱིན་པ་བྱིན་ན། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་དོ།།
290b3 སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅད་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བར་གྱུར་ད་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པའི་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་ཕྱིར
290b4 མྱི་འོང་བ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུ་པ་པོ་དེ་བས་ཆེས་མང་དུ་སྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོ། ལི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཕྱིར
290b5 མྱི་འོང་བར་གྱུར་ད་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ། བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་དགྲ་བཅོ།། མ་བ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ
290b6 དེ་ནས་ཆེས་མང་དུ་སྐྱེད་དོ།། སྟོང་གསུམ་གི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པར་གྱུར་ད་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ
290b7 བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས། གང་གིས་རང་སངས་རྒྱས་གཅིག་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་དོ།། སྟོང་གསུམ་གོ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས
290b8 ཅན་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་ད་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས
290b9 ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའར་གྱུར་ད་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད




iiif viewer powered by OpenSeadragon

290a - 291a

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs