e-texts navigator
Collection
Volume
Page
Wylie

290a1 བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཀའ་སཅལ་དཔ་ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པ་དེ་དག་ཁྱོད་ལ་གཟིགས་སུ་བྱོ་ནད་ཏོ།། གསོལ་པ
290a2 བདག་གིས་དགེ་བའི་ལས་ཅི་ཞིག་བགྱིས་ན། དེ་བཞིན་གཤེགས་པ་མང་པོ་ཞིག་བདག་ཀ་ལ་མཆིས་པར་བྱོནད།། བཀའ་ས་ཆལྡ་པ་རིགས་ཀྱི་བུ་ཉོན་ཅིག། ཁྱོད་ཀྱིས་མྱིའི་ལུས་ཐོབ་སྟེ་ཟུང་གི་ཆོས་ཀྱི་རྣམ་གྲངས་ན
290a3 ལམ་དུ་ཐོས་པས། དེའི་ཕྱིར་ཁྱོད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེས་སོ།། གསོལ་པ། བཅོམ་ལྡན་འདས་བདག་གི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་སྙེད་དུ་གྱུར་པ་ན། གང་མཐའ་དག་ཆུབ་པར་ཐོས་པ་ལྟ
290a4 སྤོས་ཀྱང་མི་འཚལ། བཀའ་སཿཡད་པ། ཁ་རོཀ་ཁ་རོག་ཀྱེ་རིག་ས་ཀྱི་བུ་ཚིགས་བཞི་པའི་ཚིགས་སུ་བཅད་པའི་བསོད་ནམས་བརྗོ་དཀྱིས་ཉོན་ཅིག། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དེ་བཞིན
290a5 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། གང་ཀའི་ཀླུང་བཅུ་གསུམ་གྱི་བྱེ་མ་སྙེད་ནམས་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ཀྱང་། བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་དོ།།
290a6 གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཀའི་ཀླུང་བཅུ་གསུམ་གྱི་བྱེ་མ་སྙེད་དག་ལ་མཆོད་པ་བས་ནི། གང་གིས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས
290a7 ཚིགས་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པ་དེ་ཡང་། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་པར་འགྱུར་ན། ཀཱང་མཐའ་དག་ཆུབ་པར་ཐོས་པ་ལྟ་ཅི་སྨོས།། རིགས་ཀྱི་བུ་གང་གིས་ཟུང་གི་མདོའི
290a8 ཆོས་ཀྱི་ནམ་གྲངས་འདི་མཐའ་དག་ཆུབ་པར་ཟོས་པར་འགྱུར་བ་ཉོན་ཅིག། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཏིལ་བཏབ་པའི་ཏིལ་གྱི་འབྲུ་ཇི་སྙེད་ཀྱི་འཁོར་ལོས་སྒྱུར་བ
290a9 རྒྱལ་པོར་གྱུར་ད་ལ། དེ་ནས་སྐྱེས་བུ་ཕྱུག་ཅིང་ནོར་མང་ལ། ལོངས་ཁྱོད་ཆེ་བ་དང་ལྡན་པ་འགའ་ཞིག་ཡོད་དེ། དེ་ནས་སྐྱེས་བུ་དེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པ་བས་ནི




iiif viewer powered by OpenSeadragon

289b - 290b

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs