e-texts navigator
Collection
Volume
Page
Wylie

288b1 གྲངས་འདི་ལ། ཐ་ན་ཡི་གེར་འབྲུ་གཅིག་ཙམ་བྲིས་ཏེ་འཇོག་པ་དེ། བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་པར་འགྱུར་ཏེ། བསོད་ནམས་རབ་ཏུ་མང་གི། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་ནི་དེ་ལྟ་མ་ཡིན་ནོ།
288b2 ཀུན་ཏུ་དཔའ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་དམ་པའི་ཆོས་འཛིནད་ཅིང་བསྒྲུབ་པ་ལ་གནས་པའི་བསོད་ནམས་དེ་ལ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཟིལ་ཀྱིས
288b3 གནོན་མྱི་ནུས་སོ།། དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཡི་གེར་འདྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་ཡང་དཔེའབྱོར་མྱི་ནུས་སོ།། ཀུན་ཏུ་དཔའ་བ་ཟུང་གི་མདོའི་ཆོས་འདོན་བསོད་ནམས་ཀྱི་གཏེར་སྟོན
288b4 པའོ།། དེ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའོ།། ཆོས་ཐམས་ཅད་ཀྱི་སྒྲོན་མ་འབར་བར་བྱེད་པའོ།། བདུད་སྡིག་ཅན་ཐམས་ཅད་འགྲམ་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས།
288b5 རྣམས་འབར་བར་བྱེད་པའོ།། ཆོས་ཐམས་ཅད་མངོན་པར་བ། སྒྲུབ་པ་མངོན་པར་སྒྲུབ་པའོ།། དེ་སྐད་ཅེས་བཀའ་ས་ད་པ། དང་།། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས
288b6 དཔའ་ཆེན་པོ་ཀུན་ད་ཏུ་དཔའ་བས་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་འདི་ལ་ཚངས་པར་སྤྱོད་པ་ནི་རབ་ཏུ་དཀའ་བ་སྐྱོ་ད་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས
288b7 དེ་བཞིན་གཤེགས་པའི་སྤྱོད་པ་ནི་དཀོན་པ་ལགས་ཏེ། དེ་བཞིན་དུ་ཚངས་པར་སྤྱོད་པ་ཡང་དཀོན་པ་ལགས་སོ།། གང་གི་ཚེ་ཚངས་པར་སྤྱད་པ་པྱོད་པ་དེའི་ཚེ། དེ་བཞིན་གཤེགས་པ་མངོན་ཏུ་མཐོང་བར་འགྱུར
288b8 ཏེ། ཉོན་མཚན་དུ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ།། གང་གི་ཚེ་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་ཉིན་མཚན་དུ་དེ་བཞིན་གཤེགས་པ་ལ་ལྟ་བར་འགྱུར་བ་དེ་ནི། སངས་རྒྱས་ཀྱི་ཞིང་མཐོང
288b9 ངོ་།། ནམ་སངས་རྒྱས་ཀྱི་ཞིང་མཐོང་བ་དེ་ན་གཏེར་ཐམས་ཅད་མཐོང་ངོ་།། དེ་འཀུམ་པའི་དུས་ཀྱི་ཚེ། སྐྲག་པ་སྐྱེ་བར་མྱི་འགྱུར། ནམ་དུ་ཡང་མའི་མངལ་དུ་སྐྱེ་བར་མྱི་འགྱུར། དེ་ནམ་དུ་ཡང་མྱ་ངན་ཅན




iiif viewer powered by OpenSeadragon

288a - 289a

Texts on this page

Ng2.8 - 'phags pa zung gi mdo'i chos kyi rnams grangs