| e-texts navigator |
| Wylie |
282a1 སེམས་ཅན་དེ་དག་ནི་རྙེད་པར་དཀའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ཡངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས
282a2 བའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱརྡ་པ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང
282a3 བདག་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཅི་ཞིག་སྐྱེད་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། ཀུན་ཏུ་དཔའ་བ་མང་ངོ་།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་སྡིག་པའི་ལས་ཀྱི་ཕུང་པོ་ཇི
282a4 ཙམ་ཞིག་སྐྱེད་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སལྡ་པ། ཀུན་ཏུ་དཔའ་བ་ཁ་རོག་ཁ་རོག། པ་ལ་སྡིག་པའི་ལས་ཀྱི་ཕུང་པོ་ཀུན་མ་འདྲི་ཤིག། ཀུན་ཏུ་དཔའ་བ་གང་དེ་བཞིན་གཤེགས
282a5 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀང་ཀོའི་ཀླུང་བཅུ་གཉིས་ཀི་བྱེ་མ་སྙེད་ལ་གནོད་སེམས་བསྐྱེད་པ་བས་ནི། གང་ཟུང་གི་མདོའ། ལ་སྨོད་པ་དེ། དེ་བས་མྱེ་དགེ་བའི་ཕུང་པོ་ཆེས་མང་དུ་སྐྱེད་དོ།།
282a6 ཀུནད་ཏུ་དཔའ་བ་གང་དག་ཐེག་པ་ཆེན་པོ་ལ་གནོད་སེམས་སྐྱེས་པ་དེ་དག་ཀྱང་དེ་བས་ཀྱི་དགེ་བའི་ཕུང་པོ་ཆེས་མང་དུ་སྐྱེད་པར་འགྱུར་ཏེ། ཀུན་ཏུ་དཔའ་བ་སེམས་ཅན་དེ་དག་ནི་ཚིག་པའོ།། ཚིག་པ་ཉིད་དོ།
282a7 ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཐ་རད་པར་བགྱི་མྱི་ནུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སཆལྡ་པ། ཀུན་ཏུ་དཔའ་བ་དེ་བཞིན་ཏེ་ཐ་རད་པར་བྱ་མྱི་ནུས་སོ།། ཀུན
282a8 ཏུ་དཔའ་བ་འདི་ལྟ་སྟེ། དཔེར་ན་གྱི་ཝལ་ཤིག་གི་མགོ་བཅད་ལ། དེ་ལ་དེས་ལྡན་སྣང་ཅི་འམ། ཁ་ར་འམ་བུ་མ་འམ། མྱུར་རམ། ཏིལ་མརུ་རམ། བསྐུ་བའི་ལྡན་གང་ཡང་རུང་བ་ཞིག་གིས་མགོལ་ལ་བསྐུས
282a9 ན། ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། སེམས་ཅད་དེ་སླར་ལྡང་ནུས་སམ།། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་དེ་རྔོ་མྱི་ཐོག་གོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལ་དཔ