| e-texts navigator |
| Wylie |
281b1 འདས་ནས་བདག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཉན་བདེན། བཅོམ་ལྡན་འདས་ངོམས་མ་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀ་ལས་ཐསད་པ། ཀུན་ཏུ་དཔའ་འ་ཁྱོད་ཆོས་རྣམས་ཀྱིས་ངོམས་མྱི
281b2 ཤེས་པ་ནི་ལེགས་སོ་ལེགས་སོ།། ཀུན་ཏུ་དཔའ་བ་པ་ཡང་ཆོས་རྣམས་ཀྱིས་ངོས་མྱི་ཤེས་ར། ཀུན་ཏུ་དཔའ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ངོམས་མྱི་མྱོང་བར་བྱ་བ་ལྟ་ཅི་སྨོས། ཀུན་ཏུ་དཔའ་བ་རིགས་ཀྱི
281b3 བུ་འམརིགས་ཀྱི་བུ་མོ་ཀ་པ་ལ་ལ་ཐེག་པ་ཆེན་པོ་ལ་དད་པ་ཡ་སྐྱེས་པ་དེ་བསྐལ་པ་སྟོང་དུ་ལོག་པར་ལྟུང་བར་འགྲོ་བར་མྱི་འགྱུར།། བསྐས་པ་ལྔ་སྟོང་དུ་དུད་འགྲོར་སྐྱེ་བར་མྱི་འགྱུར། བསྐ་ཡད་པ་ཁྲི
281b4 ཉིས་སྟོང་དུ་ཀློ་དྲན་པར་མྱི་འགྱུར། བསྐལ་པ་ཁྲི་བརྒྱད་སྟོང་དུ་མཐའ་ཁོ་བོ་ཀྱེ་སྐྱེ་བོའི་ནང་དུ་སྐྱེ་བར་མྱི་འགྱུར། བསྐལ་ད་པ་ཉི་ཁྲིར་རབ་ཏུ་སྦྱིན་པ་ལ་དཔའ་བར་འགྱུར། བསྐལ་པ་ཉི་ཁྲི་ལྔ་སྟོང་དུ་ལྷའི
281b5 འཇིག་རྟེན་དུ་སྐྱེ་བར་འགྱུར། བསྐལ་པ་སུམ་ཁྲི་ལྔ་སྟོང་དུ་ཚངས་པའི་སྤྱད་པ་སྤྱོད་པར་འགྱུར་རོ།། བསྐལ་པ་བཞི། ཁྲིར་ཁྱིམ་གྱི་གནས་ནས་འབྱུང་བར་འགྱུར། བསྐལ་པ
281b6 ལཱ་ཁྲིར་ཆོས་འཛིནད་པར་འགྱུར། བསྐལ་པ་དྲུག་ཁྲི་ལཱ་སྟོང་དུ་འཆི་བ་རྗེས་སུ་དྲན་པ་སྒོམ་པར་འགྱུར་རོ།། ཀུན་ཏུ་དཔའ་བ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་སྡིག་པའོ།
281b7 ལས་ཅུང་ཟད་ཀྱང་འབྱུང་བར་མྱི་འགྱུར་རོ།། དེ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མྱི་འགྱུར་རོ།། ནམ་ཡང་མའི་མངལ་དུ་སྐྱེ་བར་མྱི་འགྱུར་རོ།། ཀུན་ཏུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས
281b8 པ་དེ་དག་ནི་གང་དང་གང་དུ་སྐྱེ་ཡང་བསྐཡ་པ་གྲངས་མྱེད་པར་ཀུ་བཅུ་རཿ་ལྔར་ལོག་པར་ལྟུང་བར་འགྲོ་བར་མྱི་འགྱུར་རོ།། བསྐལ་པ་བརྒྱད་ཁྲིར་ཐོས་པ་འཛིན་པར་འགྱུར་རོ།། བསྐལ་པ་སྟོང་དུ་སྲོག
281b9 གཅོད་པ་སྤོང་བར་འགྱུར། བསྐལ་པ་དགུ་ཁྲི་དགུ་སྟོང་དུ་བརྫུན་དུ་སྨྲ་བ་སྤོང་བར་འགྱུར། བསྐལ་ད་པ་ཁྲི་སུམ་སྟོང་དུ་ཕྲ་མའི་ཚིག་སྤོང་བར་འགྱུར་ཏེ། ཀུན་ཏུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི